[A:78]པ་ཡིན། ཡེ་སང་དཀར་པོ་གནམ་ཀྱི་འཇུ་ཐག་ཅན་དང་གཅིག ཡེ་མོན་ནག་པོ་ཁྲོ་ཆུའི་ཕ་བོང་འདྲ་བ་དང་གཉིས། སྤྱང་ཕྲུག་ཡེ་ཤེས་ལྷའི་སྒྲོན་མེ་དང་གསུམ། མོན་རྫུ་ནག་པོ་ཁྱིའི་རྔ་ལྗང་ཅན་དང་བཞིའོ། །མི་དེ་རྣམས་མང་དུ་འཕེལ་ནས་བོད་ལ་དབང་བྱས་ཏེ། དེ་དུས་གདོང་དམར་ཅན་གྱི་ཡུལ་ཞེས་པར་གྲགས་ཤིང་། མ་སང་སྤུན་དགུ རྒྱལ་ཕྲན་ཉི་ཤུ་རྩ་ལྔ། རྒྱལ་ཕྲན་བཅུ་གཉིས། རྒྱལ་ཕྲན་སིལ་མ་བཞི་བཅུས་རིམ་པར་དབང་བྱས་སྐད། མཁན་རྗེས་དབང་མཛད། དེ་ནས་དམུ་རྗེ་བཙན་པས་བདུད་པོ་མ་ཊཾ་རུ་ཏྲ། སྲིན་པོ་ཡཀྵ་དེ་བ། ཀླུ་རྒྱལ་གང་བ་རྣམས་ཀྱི་རིམ་པར་དབང་བྱས་སོ། །དེའི་སྐབས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་དང་། བསྟན་པའི་བདག་པོ་རྒྱལ་བ་ཤཱཀྱ་ཐུབ་པའི་བཀས་བསྐུལ་ཞིང་། རི་བོ་པོ་ཏ་ལའི་རྩེ་ནས་བྱང་ལ་ཞལ་གཟིགས་ཏེ། ཁ་བ་ཅན་གྱི་སེམས་ཅན་རྣམས་འདྲེན་པར་དགོངས་ཏེ། ཉིན་མཚན་དུས་དྲུག་ཏུ་གཟིགས་པས། ཁ་བ་ཅན་འདི་ནི་འཛམ་བུ་གླིང་དུ། ཡུལ་གྲུ་ཆེན་པོ་ལྔའམ་དགུ་ཡོད་པའི་ནང་ནས། ངན་ཤོས་སུའང་འདུག་ཅིང་། སངས་རྒྱས་ཀྱིས་ཞབས་ཀྱི་མ་བཅགས། གསུང་གི་འོད་ཟེར་གྱིས་མ་ཁྱབ། བསྟན་པའང་མེད། གདུལ་བྱར་མ་གྱུར་པ་མུན་པ་མུན་ནག་ལྟ་བུར་འདུག་པ་ལ། སྟོད་ཁམས་གསུམ་ནི་གངས་དང་གཡའི་ར་བ། རྫིང་འདྲ་བ་ན། ཤ་དགོ་རི་དྭགས་ཀྱིས་དབང་བྱེད། བར་ཁམས་བྲག་དང་སྤང་གི་བསྐོར་བ། ཡུར་བ་འདྲ་བ་ན། སྤྲེའུ་དང་བྲག་སྲིན་མོས་དབང་བྱེད། སྨད་ཁམས་གསུམ་ནགས་ཀྱི་རྫིང་འདྲ་བ་ན། གླང་པོ་ཆེ་དང་། འདབ་ཆགས་ལ་སོགས་པས་དབང་བྱེད། མིའི་འགྲོ་བ་མེད་པར་འདུལ་བའི་སྐབས་མ་རྙེད་པ་དང་། ཁ་བ་ཅན་གྱི་རྒྱལ་ཁམས་