[A:86]པ་ལ་སེའུ་སྐྱེས། སྐྲ་དཀར་རྣམས་པོར་གྱུར། གཉེར་མ་མེད་པར་གཞོན་ཤ་ཆགས་ཞིང་། ལོ་བརྒྱ་དང་ཉི་ཤུ་ཐུབ། རྟེན་དེ་ལ་གཉན་པོ་གསང་བ་ཞེས་པར་མཚན་གསོལ། ངའི་རྒྱུད་འཛིན་རྣམས་ཀྱིས་འདི་ལ་མཆོད་པ་ཕུལ་ལ། གསོལ་བ་ཐོབ་ཅིག འདོད་པའི་དོན་རྣམས་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །རྒྱལ་པོ་ཉིད་འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པར་གྲགས་ཤིང་འདིའི་རིང་ལ། བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པར་བྱེད་ད་དོ། །བཙན་ལྔ་པོའི་བང་སོ་ཡུལ་དུ་བཏབ། ཡུལ་གྱི་མིང་ནི་འཕྱིང་ལུང་སོ་ར་ཐང་། བཙན་ལྔའི་ཆད་པ་ས་ཕུང་སྦྲ་འདྲར་ཡོད། ཡུལ་མེད་ཆེ་གྲུ་བཞི་ཡི་མི་ཤེས་སྐད། རྗེ་དེའི་སྲས། ཁྲི་སྙན་བཟུང་བཙན། བློན་པོ་སྦས་སྣང་གཞེར་ཟླ་བཙན་དང་། མགར་ཁྲི་འབྲིང་གིས་བྱས། ཁྲི་སྙན་ཆད་པ་དོན་མཁར་མདའ་རུ་བརྩིགས། དེ་ཡང་ཡུལ་མེད་ས་ཕུང་བརྡལ་བ་འདྲ། དེའི་སྲས་འབྲོ་སྙན་ལྡེ་རུ། བློན་པོ་གཉག་ཐང་པ་ཡང་རྗེ་དང་། སྣུབས་ཁྲི་དར་རེས་ཐོང་པོས་བྱས། དེའི་སྲས་སྟག་རི་གཉན་གཟིགས་དང་། ཡབ་སྲས་གཉིས་ལ། བར་གྱི་སྟེང་ཞེས་ཟེར། དེའི་ལོ་རྒྱུས། འབྲོ་གཉན་ལྡེ་རུ་ཁབ་ཏུ། མཆིམས་ཟ་ཀླུ་རྒྱལ་ངན་བུ་ཞེས་པའི་སྐྱོན་གྱིས། ཁོང་རང་ལ་ཀླུ་ནད་ཙི་ཙི་ཛཱ་ལ་བྱུང་ནས། ཡབ་ཡུམ་གཉིས་བློན་པོ་གཉག་ཐང་པ་ཡང་རྗེ་དང་གསུམ་ག་གསོན་དུར་ལ་བཞུགས་དགོས་བྱུང་། སྲས་གཅིག་ཡོད་པ་དམུས་ལོང་དུ་གྱུར། མིང་དམུས་ལོང་དཀོན་པ་བཀྲ་ཟེར། ཞལ་ཆེམས་ལ་བསམ་པ་བཟང་པོ་གསེར་དང་འདྲ་བ་སྟེ། །བཟང་པོའི་གྲོས་ནི་བདུད་རྩི་ཡིན་པས་ཉོན། །ངན་པ་རྣམས་ནི་མེ་དང་འདྲ་བས་སྤོངས། ། མི་ཆོས་རྟོག་པ་ཡིན་པས་རྣམ་རྟོག་སྐྱུར། ཁྱེད་ཀྱིས་གཉན་པོ་གསང་བ་མཆོད། །འ་ཞའི་སྨན་པ་བོས་ལ་མིག་ཕྱེ། །མིག་མ་བྱུང་ན། སུམ་པའི་ཡུལ་ན་བོན་པོ་