[A:89]བྱ་བས། མདོ་དཀོན་མཆོག་སྤྲིན་དང་། ཏོག་གཟུངས། སྙིང་རྗེ་པད་དཀར་ལ་སོགས་སྤྱན་དྲངས་འོངས་པས། རྒྱལ་པོ་ཐུགས་རབ་ཏུ་དགྱེས?དགེས་སོ། །བོད་ཀྱི་ལོ་ཙཱ་བ་དང་། ཡིག་མཁན་ལ་སྔ་བ་དེ་ཡིན་ནོ། །རྒྱ་གར་ན་ཡི་གེ་ཐམས་ཅད། དབྱངས་ཡིག་དང་གསལ་བྱེད་སུམ་ཅུ་རྩ་བཞི་ལ། མི་ཚུད་པ་གང་ཡང་མེད་ནའང་བོད་སྒྲ་ངན་པས་དེ་བཞིན་མ་གོ རྒྱ་གར་བ་གཅིག་ལ་ཨེ་ཀ་ཟེར། འཇིག་རྟེན་ལ་ལོ་ཀ ཆོས་ལ་ངྷརྨ། ཞུས་ལ་ཀྲི་ཏ་ཟེར་ལ། སྨྲས་པ་ཟེར་དགོས་པ་སོགས་བོད་སྐད་དུ་མ་ཁུག་པར། ཐོན་མི་ཐུགས་མུག་ནས། གཟིམ་ཁང་གི་སྒོ་བསྡམས། ཆུམ་གཟིམས་ནས་གཉིད་ལོག་སད་པ་དང་། གམ་ན་རྒན་པོ་གུ་བ་ལྟ་བུ་ཞིག་འདུག རྒན་པོ་གང་ནས་ཡོང་། གར་འགྲོ། ངས་སྒོ་བསྡམས་ནས་ཡོད་པ་ཇི་ལྟར་བྱས་ནས་ཡོང་། ཅི་བྱེད་བྱས་པས། ཆོས་ཀྱི་དོན་ལ་འགྲོ་འོང་མེད། །ཡང་དག་དོན་ལ་ཅི་བྱ་མེད། །ནམ་མཁའ་དག་ལ་ལམ་བྱས་པས། །སྒོ་ཆ་དམ་པས་མི་ཐུབ་པ་ཟེར། དེར་ཐེ་ཚོམ་སྐྱེས། ཡང་བསྐྱར་ནས་བྲིས་པས། ངས་ཟ་ཧོར་ནས་ཡོང་། འ་ཞའི་ཡུལ་དུ་འགྲོ་ཟེར། ཐག་ཅི་ཙམ་ཡོད། ཅི་ཆ་ཟེར། རྒྱགས་ཇི་ཙམ་ཡོད། ཇ་ཡོད་ཟེར་ནས་རྒན་པོ་མི་སྣང་བར་གྱུར་ཏེ། དེ་ནི་འཇམ་དབྱངས་གྱི་སྤྲུལ་པའོ། །དེ་ནས་བསམ་པས། ཅ་ཆ་ཇ་དང་གསུམ། ཞ་ཟ་འ་དང་དྲུག་བྱུང་བ། དེ་རྣམས་བཅུག་ཡི་གེ་ལྔ་བཅུ་པོ། ཀ་མད་སུར་ཅུར་བསྡུས་ནས། བོད་ཀྱི་སྒྲ་སྐད་དང་མཐུན་པའི་ཡི་གེ་འབྲུ་སྡེབ་ཏུ་བཏུབ་པ་བྱུང་བ་དང་། བོད་ཀྱི་རྒྱལ་པོའི་ཞལ་ནས། ད་ངའི་ཡབ་མེས་ཀྱི་གཉན་པོ་གསང་བ་འདིའི་ནང་ན། ཅི་འདུག་ལྟོས་དང་ཟེར་ཀློག་པས། མདོ་ཟ་མ་ཏོག་དང་། སྔང་སྐོང་ཕྱག་རྒྱ་བ། ཙནྡྲ་མ་ཎིའི་གཟུངས། མུ་དྲའི་ཕྱག་རྒྱ་རྣམས་བཞུགས་འདུག་པ་ལ་མོས་ནས། རྒྱལ་པོས་ཀྱང་ལོ་བཞིར་