R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 90
[A:90]མཚམས་བཅད། ཡི་གེ་དང་ཆོས་བསླབས་སོ། །མདོ་དཀོན་མཆོག་སྤྲིན་ལ་སོགས་པ་ཐོན་མིས་སྤྱན་དྲངས་པ་རྣམས་བོད་དུ་བསྒྱུར། ཆོས་སྒྱུར་བའི་ཐོག་མ་ཡིན་ནོ། །ཆབ་འོག་ཐམས་ཅད་ལ་ཆོས་དང་ཡི་གེ་རྒྱས་པར་སྤེལ་ཅིང་། བོད་ཡིག་ག་ཐོག་མ། རྒྱལ་པོས་ཇོ་བོ་གཙོ་འཁོར་གསུམ་པོའི་བསྟོད་པ། འདི་བརྩམས་ནས་ལྷ་ས་ཟླ་བའི་བྲག་ལ་བསྐོས་ནས་ཕུད་དུ་ཕུལ་ཡོད་དོ། །ལྷ་སྐྱོན་གྱི་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་དང་ནི་ཤེས་རབ་གཉིས། མཉམ་པར་སྦྱོར་བའི་ཐུགས་མངའ་ཞིང་། །ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །དཔལ་ལྡན་མཉམ་སྦྱར་ལ་ཕྱག་འཚལ། །སངས་རྒྱས་ཀུན་གྱི་སྙིང་པོའི་གཙོ། །གསང་སྔགས་རྒྱལ་པོ་བགྲང་འཕྲེང་ནི། །མུ་ཏིག་ལྟར་དཀར་གཡས་ན་འཛིན། །རིགས་སྔགས་འཆང་ལ་ཕྱག་འཚལ་ལོ། །འཁོར་བའི་སྐྱོན་གྱི་མ་གོས་པའི། །པདྨ་ཤེལ་གྱི་འོད་པས་གསལ། །པདྨ་དཀར་པོ་གཡོན་ན་འཛིན། །ཕྱག་ན་པདྨ་ལ་ཕྱག་འཚལ། །ཆོས་དབྱིངས་རྣམ་དག་དྲི་མ་མེད། །ཟླ་བའི་འོད་ལྟར་རྒྱས་པའི་ཡུམ། །གཟུགས་ཀྱི་ལྷ་མོ་ཡིད་འོང་མ། །ཡི་གེ་དྲུག་མ་ཕྱག་འཚལ་ལོ། །མཐའ་ཡས་ཡོན་ཏན་གསེར་མདོག་ཅན། །ཡིད་བཞིན་ནོར་བུ་ཆེན་པོ་ལྟར། ། སེམས་ཅན་རེ་བ་སྐོང་མཛད་པའི། །ནོར་བུ་འཛིན་པ་ཕྱག་འཚལ་ལོ། །ཞེས་པའོ། །དེ་དུས་རྒྱལ་པོ་ལོ་བཞིར་སྒོར་མ་བྱོན་པ་དེས། བློན་པོ་རྣམས་ན་རེ། རྒྱལ་པོས་ཅི་ཡང་མི་ཤེས། བོད་བདེ་བ་ངེད་རྣམས་ཀྱིས་བྱས་པ་ཡིན་ཟེར་བ། རྒྱལ་པོས་གསན་ནས་གླེན་པར་བརྩི་ན། བོད་མི་ཐུལ་བ་དགོངས་ནས་རྒྱལ་པོ་གཅིག་པུ་གནས་པས་ཀུན་བདེ་བ་ཡིན་ཏེ། སྔོན་ཡང་ཁྲིམས་མེད་པས། ཤེས་པ་ཅན་བཅུ་