[A:91]གཉིས་མཐར་འཁྱམས་འདུག ད་ངས་དགེ་བ་བཅུ་ལ་དཔེ་བླང་བའི་ཆོས་ཁྲིམས་བཅའོ་གསུངས། བསད་པ་ལ་སྟོང་ཉིས་ཁྲི་ཆིག་སྟོང་། རྐུས་པ་ལ་བརྒྱད་ཅུ་འཇལ། བྱི་བྱས་པ་ལ་ཡན་ལག་གཅོད་པ། རྫུན་བྱས་པས་ལྕེ་འབྲེག་པར་བྱས། ཡང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ཀྱི་གཞི་བཟུང་བར་བྱས་ཏེ། དཀོན་མཆོག་ལ་དད་པ་དང་། སྐྱོ་ངལ་མེད་པར་སྒྲུབ་པ་དང་དོན་དམ་པར་སངས་རྒྱས་ཀྱི་ཆོས་བཙལ་ཞིང་སྒྲུབ་པ་དང་། གཙུག་ལག་དང་ཆོས་ལ་བློ་སྦྱངས་པ་དང་། ཕ་མ་ལ་དྲིན་ལན་གསབ་པ་ལ་སློབ་པ་དང་། ཡོན་ཏན་ཅན་གྱི་རིགས་ཀྱི་རྒན་པ་ལ་བཀུར་སྟི་བྱ་བ་དང་། ཤ་ཉེ་དང་མཛའ་བཤེས་ལ་གཞུང་དྲང་པོར་སྲོང་ཞིང་། ཁོང་སེམས་ཆུང་ཞིང་དང་དུ་བླང་བ་དང་། མ་བརྟགས་ཤིང་མ་བཅོལ་བའི་ལས་ལ་རྟོགས་འདོད་མེད་པ་དང་། ཡུལ་མི་ཁྱིམ་མཚེས་ལ་ཕན་གདགས་པ་དང་། གཞི་དྲང་པོར་བསྲང་ཞིང་ཁོང་སེམས་ཆུང་བ་དང་། ལས་དང་སྤྱོད་པ་ཐམས་ཅད་ཡ་རབས་ཀྱི་རྗེས་སུ་བསྙེགས་ཤིང་། ཕྱི་མིག་རིང་དུ་ལྟ་བ་དང་། ཟས་དང་ནོར་ལ་ཚོད་ཟིན་པ་དང་། དྲིན་ཆེན་གྱི་མིའི་ལན་མི་བཅག་བཟང་ལན་བརླན་པ་དང་། བུ་ལོན་དུས་ལ་འཇལ་ཞིང་བྲེ་སྲང་ལ་གཡོ་མི་བྱ་བ་དང་། ཐམས་ཅད་ལ་སྙོམས་པར་བྱ་ཤིང་འགྲན་སེམས་མི་བྱ་བ་དང་། གྲོས་ཀྱི་ནང་དུ་བུད་མེད་ཀྱི་ཁ་ལ་མི་ཉན་པ་དང་། རང་ཚོད་ཟིན་པར་བྱ་བ་དང་། སེམས་ཅན་གང་ལ་བརྡུང་བའི་སེམས་མི་འཆང་བ་དང་། བྱམས་སྙིང་རྗེས་སྐྱོང་བ་དང་། བཅུ་དྲུག་གོ ། བོད་ཀྱི་ཁྲིམས་དང་། ཆོས་རྣམས་སྐྱིད་ཤོད་ཤོ་མ་ར་ན་བར་གཏན་ལ་ཕབ་པའོ། །དེར་བློན་འབངས་རྣམས་དགའ་ནས། རྒྱལ་པོ་འདི་ནི་ཤིན་ཏུ་སྒམ་པོ་གཅིག་འདུག་གོ་ཟེར་ནས། སྲོང་བཙན་སྒམ་པོར་མཚན་གསོལ་ལོ། །གཞན་ཡང་སྐྱེ་བོ་ཐ་མལ་པ་