R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 94
[A:94]ནགས་གསེབ་ན། ཙན་དན་ཧ་རིའི་སྡོང་པོ་གཅིག་ལ་ཕོག་འདུག་པ། ཡང་རྒྱལ་པོས་སྤྲུལ་པ་བཀྱེས་ནས། དགེ་སློང་ཤཱི་ལ་ཨ་ཀ་ར་སྤྱན་འདྲེན་དུ་བཏང་བས། ཉིན་མོ་ཙན་དན་གྱི་སྡོང་པོ་ལ། མཆན་མོ་སྤྱན་རས་གཟིགས་ཀྱི་སྐུ་རང་བྱུང་གསུམ་གོང་འོག་བརྩེགས་མར་བཞུགས་པ། སྟེང་མ་ན་རེ། ང་རྒྱ་བལ་གྱི་མཚམས་སུ་ཞོག་ཅིག ས་དེ་ན་སྔ་དྲོ་རེ་ལ་ཚོང་དཔོན་རེ་སྦོས་གྲིར་འཆི་བ་ཡོད་པ་དེ་ཆད་དོ་གསུངས་ཇོ་བོ་འཇའ་མ་ལིའོ། །བར་མ་ན་རེ་ང་བལ་ཡུལ་ཡམ་བུ་ཡ་འགལ་དུ་ཞོག་ཅིག དེ་ན་མི་མང་པོ་རིམས་ནད་ཀྱི་འཆི་བ་ཡོད་པ་དེ་ཆད་དོ་གསུངས་པ་དེ་ཇོ་བོ་ཨུ་ཁང་ངོ་། །སྨད་མ་ན་རེ། ང་མང་ཡུལ་སྐྱིད་གྲོང་དུ་ཞོག་ཅིག།ཟླ་བ་རེ་ལ་གྲོང་དཔོན་རེ་མཛེ་ནད་ཀྱི་འཆི་བ་ཡོད་པ་དེ་ཆད་དོ་གསུངས། དེ་ནི་འཕགས་པ་ཝ་ཏི་ཡིན་ནོ། །ལྷ་གསུམ་པོ་དེ་ལྟར་བཞུགས་པའི་རྒྱུ་མཚན། རྒྱལ་པོ་ལ་ཞུས་པས། འདིར་མ་ཕེབས་ཀྱང་སེམས་ཅན་གྱི་དོན་ཆེན་པོ་བྱས་འདུག་གསུངས་ནས། ཤིན་ཏུ་དགྱེས་པར་གྱུར་ཏོ། །དེར་རྒྱལ་པོའི་ཐུགས་ལ་ཡི་དམ་གྱི་ལྷ་དངོས་དང་མཇལ་ཕྱིན། སེམས་ཅན་གྱི་དོན་ལ་ཚེགས་མེད། བོད་འབངས་ཀྱི་འགྲོ་དོན་ཕྱོགས་གང་ནས་འགྲུབ་བརྟག་དགོངས་ནས་གཟིགས་པས། མེས་པོ་ཐོ་ཐོ་རིས་བྱང་ཆུབ་སེམས་དཔའི་སྤྲུལ་པ་དེས་ཞབས་ཀྱི་བཅགས་པའི་སྐྱིད་སྨད་ལྷ་ས་དམར་པོ་རིའི་ཕྱོགས་དེར། ཐེག་པ་ཆེན་པོའི་ཆོས་སྤེལ་དུ་བཏུབ་པར་དགོངས་ནས། མཆོད་གནས་རྣམས་ཤིང་རྟ་ལ་སྤྱན་དྲངས། རྒྱལ་བློན་རྣམས་བྱོན། སྦྲ་སྟོད་ཚལ་དུ་ཞག་མལ་མཛད། སང་གྲོ་བཏབ་སར་རྒྱལ་པོ་དང་བློན་པོ་ཚོས་ཆུ་ཁར་ཁྲུས་མཛད། ཆབ་གསོལ་དུས་དབུས་ཀྱིས་གྱེ་རེར་ཡི་གེ་དྲུག་མ་འབྱོན་པར་ལུང་བསྟན་ཏོ། །དམརཔོ་རི་རྩེར་ཕེབས་ཡབ་མེས་ཀྱི་བཞུགས་ཤུལ་དུ་ཕོ་བྲང་བཏབ་