[A:93]དགེ་སློང་དེས་རྒྱ་མཚོའི་འགྲམ་ན་སངས་རྒྱས་འཁོར་བ་འཇིག་གི་རང་ལ་རྩ་བ་ཟུག གསེར་ཐུབ་ཀྱི་རིང་ལ་ལོ་འདབ་རྒྱས། འོད་སྲུང་གི་དུས་མེ་ཏོག་ཤར། ཤཱཀྱ་ཐུབ་པའི་དུས་ན་འབྲས་བུ་སྨིན། དེའི་སྟེང་ལ་རྩ་བ་རུལ་ནས་འགྱེལ་བ་བྱེ་མས་ནོན་ནས། ཙན་དན་སྦྲུལ་གྱི་སྙིང་པོའི་ཁོག་ནས། དལ་པོས་མཆོད་ཅིག་ཅེས་པའི་སྒྲ་དང་བཅས་བཅུ་གཅིག་ཞལ་སོར་བཅུ་གཉིས་པ། ཕྱག་བཅུ་པ། མ་ནུ་ཀའི་མདོག་ལྟ་བུ། ལྟ་བས་ཆོག་མི་ཤེས་པ་ཞིག་བྱོན་པ་དེ་དང་། ཙན་དན་གྱི་ཚལ་པ་ཞིག་བྱེ་མའི་གླིང་ནས། འཇག་མའི་ཕོན་ཞིག་པོ་ཏ་ལའི་འདམ་ནས་མེ་ཏོག་མྱུ་གུའི་སྡོང་པོ་ཚལ་པ་ཞིག་གྲོང་ཁྱེར་ཀེ་རུའི་མཆོད་རྟེན་འཁོར་ལོའི་ནང་ནས། སངས་རྒྱས་འཁོར་བ་འཇིག་དང་། འོད་སྲུང་། ཤཱཀྱ་ཐུབ་པ་རྣམས་ཀྱི། སྐུ་གདུང་རིང་བསྲེལ་དེ་ལ་བཞུགས་པས་བྱང་ཆུབ་ཤིང་གི་མཆོད་སྡོང་གསུམ། གནས་ཆེན་བརྒྱད་ཀྱི་བྱེ་མ། ཆུ་བོ་ནཻ་ར་ཛ་ནའི་འགྲམ་དུ་སངས་རྒྱས་ཀྱི་ལྷུང་བཟེད་ན་ས། ཆུ་བོ་བའི་ཤུལ་གྱི་བྱེ་མ། རིན་པོ་ཆེ་སྣ་གཉིས་རྣམས་དགེ་སློང་གི་བསྣམས་བྱོན་ཏེ། མཆོད་རྫས་ཁྱད་པར་ཅན་བཅུ་པོ་དེ། བོད་ཀྱི་རྒྱལ་པོ་ལ་ཕུལ་བས། ཐུགས་རབ་ཏུ་དགྱེས་ཤིང་ངོ་མཚར་བར་གྱུར་ཏོ། །དགེ་སློང་དེ་ཡང་རྒྱལ་པོ་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། དེའི་སྨིན་མཚམས་སུ་ནུབ་བོ། །དེ་ནས་མཆོད་གཡོག་ལ་མཚན་ལྡན་མ་བཅུ་དྲུག་བསྐོས་ཏེ། དུས་དྲུག་ཏུ་མཆོད་པ་ཕུལ་ཅིང་། རྒྱལ་པོ་རང་ལྷའི་དྲུང་ནས་འབེན་གང་མི་འདའ་སར་བཞུགས་སོ། །དེ་ནས་ཡང་རྒྱལ་པོའི་ཐུགས་ལ། དེ་བཞིན་རྟེན་ཁྱེད་པར་ཅན་དེ་འདྲ་གདན་འདྲེན་རྒྱུ་གར་ཡོད་དགོངས་ནས། ཡི་དམ་གྱི་ལྷ་དེ་ལ་གསོལ་བ་བཏབ་པས། ལྷའི་ཐུགས་ཀ་ནས་འོད་ཟེར་གསུམ་འཕྲོས་པ་བལ་ཡུལ་གྱི་ཕར་མཐའི་ལུང་པ་གཅིག་གི་ཙན་དན་གྱི་