R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༩༨བ
[A:༤༩༨བ]
རྗེ་བཙུན་རེད་མདའ་བ་ཞེས་ཁུངས་བཙུན་པ་འདྲ་ཞིང་རེ་ཏེ་ཟླ་བ་ཡིག་ནོར་ཡིན་ནམ་བརྟགས།
གྲུབ་ཆེན་ཐང་སྟོང་རྒྱལ་པོ། རས་ཆེན་དཔལ་འབྱོར་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ་འཇིགས་མེད་དཔའ་བོ།
གསན་ཡིག་རྣམས་སུ་བླ་མ་གཉིས་ལ་ངོས་འཛིན་ཀྱང་འཇིགས་མེད་དཔའ་བོ་རྡོ་རྗེ་གདན་པའི་གསང་མཚན་ཡིན་འདྲ་བ་དཔྱད་པར་བྱོས་ཤིག །
རྒྱ་སྟོན་བྱང་ཆུབ་དབང་རྒྱལ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །བསྟན་འཛིན་ཉི་ཟླ་བཟང་པོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ལྔ་པ་བློ་བཟང་རྒྱ་མཚོ། མངོན་དགའ་བ་མང་ཐོས་རྒྱ་མཚོ་མན་འདྲ། ༈ ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཟིན་ཐོ་ལ་བརྟེན་ནས་མགོན་པོ་ཆེ་ཆུང་སོགས་སློབ་བཤད་གདམས་པ་ཕལ་ཆེར་རྫོགས་མཐར་བསྟན་པ་གཏད་པའི་ཚུལ་གྱི་བྲམ་ཟེ་ནག་པོའི་མངགས་གཏད་ཀྱི་རྗེས་གནང་གི་བརྒྱུད་པ་ནི།
བརྒྱུད་ལུགས་འདི་ལོ་པ་སྤྱན་སྔའི་གསན་ཡིག་ལྟར་བྱས།
འཕགས་པ་རིན་པོ་ཆེ་ཡན་བསྙེན་དུས་ཀྱི་རྗེས་གནང་ལྟར་ལ། དེ་ནས་དམ་པ་ཀུན་དགའ་གྲགས། བདག་ཉིད་ཆེན་པོ་བཟང་པོ་དཔལ། ཆོས་རྗེ་བླ་མ་དམ་པ། བདག་ཆེན་ཀུན་རིན་པ། བཞི་ཐོག་