R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༩༨ན
[A:༤༩༨ན]གྲུབ་ཆེན་ཤོལ་པོ་པ། རིན་ཆེན་སངས་རྒྱས་འོད། ཞིག་པོ་རིན་པོ་ཆེ། ཟུར་དབེན་པ། བཅོ་ལྔ་ཆོས་གཞོན་པ། ཁང་མོ་ཆེ་པ་དར་རྡོ་རྗེ། མཁས་གྲུབ་ཤེས་རབ་གྲགས་པ། བླ་མ་བསོད་ནམས་བཟང་པོ། རིན་ཆེན་སེང་གེ་དཔལ། བླ་མ་དཔལ་ལྡན་རྒྱ་མཚོ། རྗེ་དཔལ་འཛིན་བཟང་པོ། རྗེ་བཙུན་ཀུན་དགའ་རྣམ་རྒྱལ། པཎ་ཆེན་འབུམ་ཕྲག་གསུམ་པ། སྔགས་འཆང་ཡོན་ཏན་རྒྱ་མཚོ། རྗེ་ཚེ་དབང་བཀྲ་ཤིས། བླ་མ་ཨོ་རྒྱན་རྒྱལ་པོ། རྗེ་བསོད་ནམས་རྒྱལ་པོ། བླ་མ་པཎ་ཆེན་ཀུན་དགའ་བཀྲ་ཤིས། རྡོ་རྗེ་འཆང་རིན་ཆེན་རྒྱ་མཚོ། རྗེ་མང་ཐོས་རྒྱ་མཚོ་མན་འདྲ། ཡང་ན། སྔགས་འཆང་ཡོན་ཏན་རྒྱ་མཚོ་སོགས་ཆོས་ཉིད་ཡེ་ཤེས་ལྟར་རོ། ། ༈ དགེ་སློང་ཤྲཱི་བྷ་དྲའི་ཟིན་ཐོ་ལ་བརྟེན་ནས་བྲམ་ནག་བཤན་པ་དྲུག་བསྐོར་ནག་པོ་དོམ་མཆོང་གི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཕགས་པ་ཀླུ་སྒྲུབ། ཛོ་ཀི་ཀཱ་མ་རཱུ་པ། ཞང་མདོ་སྡེ་དཔལ། འཇམ་སྐྱ་ནམ་མཁའ་དཔལ་ལྡན། བླ་མ་གྲངས་མོ་ཆེ་པ། རྗེ་བཙུན་རེད་མདའ་བ།
རྗེ་རེ་ཏེ་ཟླ་བ་ཟེར་བ་གསན་ཡིག་ཁ་ཤས་ན་འདུག