R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༩༩ན
[A:༤༩༩ན]པ་བློ་གྲོས་པ། རྗེ་དགེ་བ་རྒྱལ་མཚན། རྗེ་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིངས་པ། ཚར་ཆེན་རྡོ་རྗེ་འཆང་། སྔགས་འཆང་ཚེ་དབང་བཀྲ་ཤིས།
འདི་གཉིས་གོང་འོག་ལོག་པ་འདྲ་མོར་སྣང་བས་དཔྱད།
འབུལ་དབོན་རྣམ་རྒྱལ་བཀྲ་ཤིས། བླ་མ་ལྷ་དབང་ཕྲིན་ལས། ཉི་གླིང་ཚུལ་ཁྲིམས་བཀྲ་ཤིས། མཁས་མཆོག་རྣམ་རྒྱལ་བཀྲ་ཤིས། རྗེ་མང་ཐོས་རྒྱལ་མཚན། རྗེ་འཇམ་དཔལ་རྒྱ་མཚོ། སྟག་ཕུ་བ་བློ་བཟང་བསྟན་པའི་རྒྱལ་མཚན། དཀོན་མཆོག་འཇིགས་མེད་དབང་པོ། རྗེ་དོན་ཡོད་རྡོ་རྗེ། སྤྲུལ་སྐུ་དཔལ་ལྡན་ཐུབ་བསྟན་རྒྱལ་མཚན། ངག་དབང་སྨིན་གྲོལ་རྒྱ་མཚོ། དཔོན་སློབ་བྱམས་པ་ཆོས་འཕེལ། དཔོན་སློབ་བཟོད་པ་ཕུན་ཚོགས། རྗེ་རཏྣ་བྷ་དྲ། དྲག་ཤུལ་ཕྲིན་ལས་རིན་ཆེན། གཟིམ་འོག་མཆོག་སྤྲུལ་བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་ས་སྐྱ་པ་ངག་དབང་ཐེག་ཆེན་དཔལ་འབར་ལའོ། ། ༈ རྨོར་ཆེན་གྱིས་མཛད་པའི་གསང་སྒྲུབ་རྒྱུན་ཁྱེར་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། རྨོར་ཆེན་རྡོ་རྗེ་འཆང་། འཇམ་མགོན་གནས་གསར་བ། ས་ཆེན་ཀུན་བློ། གྲུབ་དབང་རིན་