R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༩༩བ
[A:༤༩༩བ]ཆེན་རྒྱལ་མཚན། གྲུབ་མཆོག་བྱམས་པ་བསྟན་འཛིན། གནས་ལྔ་ཀུན་བཀྲས་མན་འདྲ། རྡོ་རྗེ་འཆང་སངས་རྒྱས་རྒྱ་མཚོས་མཛད་པའི་དཔལ་མགོན་ཞལ་བཞི་པའི་ལས་བཞི་སོ་སོར་བསྟོད་པའི་ཡིག་ལུང་ཐོབ་པའི་བརྒྱུད་པ་ནི། ཁམས་སྟོན་སངས་རྒྱས་རྒྱ་མཚོ། གནས་གསར་བ། ས་ཆེན་ཀུན་བློ་མན་གོང་ལྟར་རོ། ། འཇམ་མགོན་གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱིས་མཛད་པའི་དཔལ་མགོན་གདོང་བཞི་པའི་གཏོར་མདོས་ལྷན་རྒྱས་ཀྱི་ལུང་བརྒྱུད་ནི། འཇམ་མགོན་གནས་གསར་བ་ཆེན་པོ། ས་ཆེན་ཀུན་དགའ་བློ་གྲོས་མན་གོང་ལྟར་རོ། ། མདོར་ན་གཟིམས་སྤྲུལ་རིན་པོ་ཆེ་བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་གོང་གི་རྗེས་གནང་རྣམས་དྲག་ཤུལ་ཕྲིན་ལས་རིན་ཆེན་ལས་གསན་ཅིང་། ལུང་རྣམས་སྙན་གྲགས་ཐར་པ་ལས་གསན་གསུངས་པ་དང་། ཡང་ཕྱག་བྲིས་གཅིག་ན་རྗེས་གནང་ཐུན་མོང་བ་རྣམས་དྲག་ཤུལ་ཕྲིན་ལས་རིན་ཆེན་དང་། རྗེས་གནང་ཐུན་མིན་དང་ལུང་ཁྲིད་ཚད་མ་སྙན་གྲགས་ཐར་པ་ལས་ཞུས་པར་གསལ་བས་ཅུང་མི་འདྲ་འདུག་གོ། །། ༒ གནོད་སྦྱིན་ཟངས་ཀྱི་བེཀྕེའི་ཆོས་སྐོར་ཇི་ལྟ་བ་