[A:༥༠༢ན]ས་སྐྱ་པ་ངག་དབང་རྡོ་རྗེ་རིན་ཆེན་དཔལ་བཟང་པོ། ཌཱ་ཀི་ཆོས་ཀྱི་ཉི་མ། ལྷ་ཁང་མཁན་ཆེན་བཀྲ་ཤིས་ཆོས་འཕེལ། དེ་གཉིས་ཀ་ལས་འདར་གྲངས་ཆེན་མཁན་པོ་འཇམ་དཔལ་རྒྱ་མཚོ། མཁན་ཆེན་ཆོས་བཟང་རྒྱ་མཚོ། མཁན་ཆེན་ཀུན་བཟང་མཚན་ཅན། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་ས་སྐྱ་པ་ཐེག་ཆེན་དཔལ་འབར་ལའོ། །
ལུང་དང་གདམས་སྐོར་གྱི་བརྒྱུད་པ་ལུགས་གཅིག་ལ། རྟོགས་ལྡན་ཡོན་ཏན་མགོན་པོ་ནས། བླ་ཆེན་ཆོས་དཔལ་བཟང་པོ། མུས་སྲད་པ་རྡོ་རྗེ་རྒྱལ་མཚན། མུས་ཆེན་རྣམ་རྒྱལ་དཔལ་བཟང་། འཁྲུལ་ཞིག་རཏྣ་བྷ་དྲ། ཚར་ཆེན་རྡོ་རྗེ་འཆང་མན་འདྲ། ཡང་འཁོར་མང་གི་རྗེས་གནང་བརྒྱུད་པ། ཚར་ཆེན་ཡན་གོང་ལྟར་ལ། དེ་ནས་མཁྱེན་བརྩེ། བསོད་ནམས་ཆོས་འཕེལ། ངག་དབང་ཆོས་གྲགས། བྱམས་པ་བསོད་ནམས་མཐའ་ཡས། ངག་དབང་བློ་གསལ་བསྟན་པ་རབ་རྒྱས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ་མན་འདྲ།
ཡང་གོང་གི་ལུང་བརྒྱུད་ལུགས་གཅིག་ནི། གནས་གསར་འཇམ་དབྱངས་བསྟན་འཛིན་ཡན་སྔར་བཞིན་ལ། དེ་ནས་ཤྲཱི་ཝན་ཝ་གིནྡྲ་ཤ་