R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༠༢བ
[A:༥༠༢བ]ས་ནདྷ་ར་ལཀྵིཾ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ། འཇམ་དབྱངས་བཞད་པ། བློ་གྲོས་འོད་ཟེར་མན་གོང་ལུང་བརྒྱུད་རྣམས་དང་འདྲ། ཐུགས་སྲས་བློ་གྲོས་རྒྱལ་མཚན་གྱིས་
རྨོར་ཆེན་རྡོ་རྗེ་འཆང་གི་གསན་ཡིག་ཏུ།
མཛད་པའི་ཡིག་སྟེང་ནས་ལྕམ་སྲིང་གཉིས་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། མུས་སྲད་པ་རྡོ་རྗེ་རྒྱལ་མཚན་ཡན་གོང་ལྟར་ལ། དེ་ནས་མཉམ་མེད་དཀོན་མཆོག་དཔལ་བཟང་། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཐུགས་སྲས་བློ་གྲོས་རྒྱལ་མཚན། མཁན་གྲུབ་བྱམས་པ་བཟང་པོ། སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན། བྱམས་པ་རིན་ཆེན་ཆོས་འཕེལ། རིན་ཆེན་པདྨ་ཕྲིན་ལས། དེས་བདག་ངག་དབང་ཀུན་དགའ་ལྷུན་གྲུབ་ལའོ། །ཞེས་འབྱུང་ངོ་། ། འཁོར་མང་གི་བརྒྱུད་པ་ལུགས་གཅིག་ལ། བོ་དོང་བརྩོན་འགྲུས་རྡོ་རྗེ་ནས། ཉན་ཆེན་བསོད་ནམས་བརྟན་པ། མཁན་ཆེན་ཆོས་རྒྱལ་དཔལ་བཟང་། མུས་སྲད་དཔལ་ལྡན་སེང་གེ་མན་འདྲ། ཡང་ན། མུས་སྲད་པ་སོགས་ཡབ་རྗེ་དབང་སྡུད་སྙིང་པོའི་གསན་ཡིག་ལྟར་རོ། ། གནུབས་ལུགས་གཏེར་མའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས།