R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༠༣ན
[A:༥༠༣ན]གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་པ་མཚུར་སྟོན། གནུབས་སྟོན་ཕུག་པ་འབར། དེ་ནས་རིམ་པར་སྔགས་འཆང་སངས་རྒྱས་འཕེལ་དང་། ཚར་ཆེན་རྡོ་རྗེ་འཆང་བརྒྱུད་པར་བཞུགས་པ་ལྟར་རོ། ། ཉང་གཏེར་གྱི་བརྒྱུད་པ་ནི། སློབ་དཔོན་ཆེན་པོ་ནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། ལྷ་སྲས་མུ་ཁྲི་བཙན་པོ། ཉང་ཉི་མ་འོད་ཟེར་ནས་རིམ་པར་བརྒྱུད་དེ། ཚར་ཆེན་རྡོ་རྗེ་འཆང་མན་འདྲའོ། ། ཡང་གཏེར་བརྒྱུད་ལུགས་གཅིག་ལ། སྣང་བ་མཐའ་ཡས། པདྨ་དབང་ཆེན། ཨོ་རྒྱན་ཆེན་པོ། ཁྲི་སྲོང་ལྡེའུ་བཙན། བཻ་རོ་ཙཱ་ན། ཉང་ཉི་མ་འོད་ཟེར། ཤེ་མ་དགེ་བཤེས། ཤེ་མ་འོད་འབྱུང་། གྲུབ་ཐོབ་འདར་ཕྱར་བ་མན་འདྲ། ཉེ་བརྒྱུད་ནི། སློབ་དཔོན་པདྨ་གྲུབ་ཐོབ་འདར་ཕྱར་བ་ལ་དབང་དང་གདམས་ངག་མན་ངག་རྣམས་གནང་བ་ཡིན་ནོ། ། ཡང་
( རིན་ ཕ་ འདར་ )
གསུམ་གྱི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ལ། ཀུན་མཁྱེན་དཔལ་ལྡན་སེང་གེ་ནས། མཁས་གྲུབ་རིན་ཆེན་དཔལ་བཟང་། གྲུ་སྟོན་ཀུན་དགའ་རྒྱལ་པོ། འདྲེན་མཆོག་དོན་