R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༡ན
[A:༥༡ན]མཁན་ཆེན་རྒྱལ་བ་བཟང་པོ། མཁན་ཆེན་བྱང་ཆུབ་སེང་གེ །ཤར་ཆེན་ཡེ་རྒྱལ། ངོར་ཆེན་ཀུན་བཟང་། རྒྱལ་ཚབ་ཀུན་དབང་།ཡོངས་འཛིན་དཀོན་འཕེལ། ས་ལོ་འཇམ་རྡོར། རྗེ་ཤེས་རབ་རྒྱལ་མཚན། ཐར་རྩེ་པཎ་ཆེན། ཨ་མེས་ཞབས། ངག་ཆོས། བྱམས་པ་ངག་དབང་རྣམ་རྒྱལ། བཀྲ་ཤིས་ལྷུན་གྲུབ། འཕགས་པ་ཆོས་ཀྱི་རྒྱལ་མཚན། བསོད་ནམས་དབང་ཕྱུག །རྒྱལ་རི་ཆོས་ཀྱི་ཉི་མ། སྔགས་བླ་བཀྲ་ཤིས་ཆོས་བཟང་། སྤྲུལ་སྐུ་ངག་དབང་བསོད་ནམས། བླ་མ་དགེ་འདུན་རྒྱ་མཚོ། ཁམས་སྟོན་ངག་དབང་བཟང་པོ། ངག་དབང་ལེགས་གྲུབ། ཀུན་དགའ་བསྟན་པའི་རྒྱལ་མཚན། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། རྗེ་རྡོ་རྗེ་འཆང་གཞན་ཕན་སྙིང་པོ། ཞབས་དྲུང་རིན་པོ་ཆེ། དེས་བདག་འཁོན་རིགས་ཨཱ་ཡུ་ལའོ། ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་རྡོ་རྗེའི་ཚིག་རྐང་གི་བསྡུས་དོན་ས་བཅད་ཀྱི་བརྒྱུད་པ་ནི། འོག་ཏུ་འབྱུང་བའི་དེ་ཉིད་ཀྱི་ཀྱེ་རྡོར་སྐོར་ལྟར་རོ། །རྡོ་རྗེའི་ཚིག་རྐང་ས་གཞུང་