R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༡༤བ
[A:༥༡༤བ]དགའ་བསྟན་འཛིན་ཡིན་པ་དེས་ན། དེའི་གསན་ཡིག་ནང་བཞིན་ཞལ་བཤུས་པ་ཡིན་མོད། འདི་ནང་གོང་གསལ་ལྟར་དབང་རྟགས་དང་། ཀོང་རྟགས། ར་རྟགས། འབྲོམ་རྟགས། བི་རྟགས། ཞི་རྟགས་ཙམ་ལས་རྟགས་མང་པོ་འཁོད་མི་འདུག་ཅིང་། དེ་ཡང་དཔེ་ཚན་སོ་སོའི་སྐབས་སུ་མ་བཀོད་པས་ངོས་འཛིན་དཀའ་ཡང་། དོན་སྙིང་རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན་གྱིས་རྣམ་སྲས་རིགས་ཆེན་བཅོ་ལྔའི་དབང་རྣམས་ཡབ་རྗེ་ཀུན་དགའ་སྙིང་པོ་ལས་གསན་ཅིང་། པོད་གཉིས་ཀྱི་ལུང་དགེ་སྤྲུལ་ཀུན་བཟང་ཆོས་ཀྱི་ཉི་མ་ལས་གསན། དེས་གསན་ཡུལ་འདྲེན་མཆོག་མཉྫུ་གྷོ་ཥ་བྷ་དྲ་དང་། དེས་གསན་ཡུལ་བྱམས་པ་ཀུན་དགའ་བསྟན་འཛིན་དང་། དེའི་གསན་ཡུལ་བྱམས་པ་བསྟན་འཛིན་ཕྲིན་ལས་ཡན་བརྒྱུད་པ་གཅིག་ཅིང་། ལུང་ཡོངས་རྫོགས་གསན་པ་འདྲ་བས་དེས་ན་པོད་གཉིས་ཀྱི་རྟགས་བཀོད་པ་དང་། ལུང་བརྒྱུད་བྱམས་པ་ཀུན་དགའ་བསྟན་འཛིན་མན་བླ་མ་རེ་ཟུང་ཙམ་ལས་གཞན་གཅིག་ཏུ་འདུག་པས། རྡོ་རྗེ་འཆང་གི་གསན་ཡིག་ནང་ལྟར་བྱས་ན་ཆོག་པར་སྙམ།། །། ༒ དཔལ་ས་སྐྱ་པའི་གསེར་ཆོས་