R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༡༥བ
[A:༥༡༥བ]ངོར་ལུགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་། སྔགས་འཆང་ཀུན་དགའ་བློ་གྲོས་ཀྱི་མཛད་པའི་ཡིག་སྟེང་ནས་ཀུ་རུ་ཀུ་ལླེའི་ཕྱི་སྒྲུབ་ཀྱི་རྗེས་གནང་ཚར་ལུགས་ཐུན་མོང་དང་ཐུན་མོང་མ་ཡིན་པ། བླ་མ་མཉམ་མེད་པའི་ཡིག་སྟེང་ནས་གསང་སྒྲུབ་ལྷ་ལྔའི་རྗེས་གནང་རྣམས་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་གི་སྐོར་ལ། ཐོག་མར་དཔལ་ལྡན་ས་སྐྱ་པའི་ཁྱད་པར་གྱི་གསེར་ཆོས་དམར་པོ་སྐོར་གསུམ་ཞེས་གྲགས་པའི་ཆོས་སྐོར་གྱི་དཀར་ཆག་དབང་སྡུད་པདྨ་རཱ་གའི་ཟ་མ་ཏོག་གི་ཁ་འབྱེད་གནད་ཀྱི་ལྡེའུ་མིག་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ། དེ་ལས་བྱུང་བའི་ཀུ་རུ་ཀུལླེའི་ཆོས་སྐོར་ལ། བླ་ཆེན་དང་བ་རི་ཐུན་
(༡)
མོང་ནས་བརྒྱུད་པ། ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་འབྱུང་
(༢)
བ། ཌོམྦྷི་ཧེ་རུ་ཀ་ནས་བརྒྱུད་
(༣)
པ། བཀྲས་རྣམ་
(༤)
པའི་ཡི་གེ །དཀར་ཆག་ཏུ་མ་བཞུགས་
(༥)
པའི་སྐོར་དང་ལྔ། དང་པོ་བརྒྱུད་པའི་ལོ་རྒྱུས་རྗེས་གནང་བཅས་པ།
(སྒོ)
(བློ)
དགའ་ལྡན་པ་ཀུན་བསོད་ཀྱི་མཛད་པ་བཙུན་པ་ཨ་ནནྟས་བྲིས་པ་བརྗེད་བྱང་ངོའི་མཐའ་ཅན། མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྒྲུབ་ཐབས་འདིའི་ལོ་རྒྱུས་ནི། ཞེས་པའི་སྒྲུབ་ཐབས་འདི། མ་ཧཱ་རཱ་ཛས་མཛད་པའི་