R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༡༦ན
[A:༥༡༦ན]ཧ་ཛ་སའི་ལས་སོའི་མཐའ་ཅན།
འདིར་མ་ཧཱ་ར་ཛ་ཟེར་བ་ལས་ལྷན་སྐྱེས་རོལ་པའི་གསལ་ཁ་མི་འདུག །
ཐུན་མོང་མ་ཡིན་པའི་བྱིན་རླབས་དབང་བཞིའི་ཟུར་འདེབས་གཟུངས་ཀྱི་དཔལ་བའི་གསུང་ལས་བུདྡྷ་ཤྲཱིས་ཟིན་བྲིས་སུ་བཀོད་པ། ཀུ་རུ་ཀུལླེའི་སྒྲུབ་ཐབས་ལས་སྦྱར་རྩ་བརྒྱུད་བརྟག་པ་དང་པོའི་ལེའུ་བཅུ་གཅིག་པ་ལས་བྱུང་བ། སྔགས་བཏུབ་བརྟག་གཉིས་སྔགས་ཀྱི་ལེའུ་ལས་ཕྱུང་བ། དཔལ་ཀྱེ་རྡོ་རྗེའི་རྒྱུད་ཀྱི་རིམ་པ་ལས་བདག་བྱིན་གྱིས་བརླབས་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་ཀྱི་རྒྱ་གཞུང་རྒྱལ་པོ་ལྷན་སྐྱེས་རོལ་པས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། བ་རི་ལོ་ཙཱ་བས་བསྒྱུར་བ། སློབ་དཔོན་ཆེན་པོ་ལྷན་སྐྱེས་སྒེག་པས་མཛད་པའི་སྒྲུབ་ཐབས་དཱ་ན་ཤྲཱི་ལའི་རང་འགྱུར། མང་དུ་ཐོས་པའི་སློབ་དཔོན་ཀུ་མཱ་ར་བྷོ་དྷིས་མཛད་པའི་སྒྲུབ་ཐབས། རིགས་ལྡན་མའམ་ཀུ་རུ་ཀུ་ལེའི་སྒྲུབ་ཐབས་མ་ཏཾ་ཀིས་མཛད་པ། ཀྱེ་རྡོ་རྗེ་ལས་མན་ངག་ཆེན་པོ་ལྔ་སློབ་དཔོན་ཞི་བ་འཚོས་མཛད་པ་དཱ་ན་ཤྲཱི་ལའི་རང་འགྱུར། ཤཱཀྱ་འཚོས་མཛད་པའི་མན་ངག་རྣམ་པ་ལྔ་དཱ་ན་ཤྲཱི་ལའི་རང་འགྱུར། བསྙེན་སྒྲུབ་ལས་གསུམ་གྱི་གདམས་པ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པ། སྒྲུབ་ཐབས་ཀྱི་རིམ་པ་འཕགས་པ་