R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༡༦བ
[A:༥༡༦བ]རིན་པོ་ཆེས་མཛད་པ།
དཀར་ཆག་ན་མི་གསལ་ཡང་འཇམ་དབྱངས་མཁྱེན་བརྩེས་སྒོ་རུམ་པར་གསན་པའི་ཡི་གེ་(མི་གསལ་)དང་བཅས་ཟེར་བ་འདུག་པ། བརྩེ་བའི་རྗེས་ཆགས་མ་ཞེས་པའི་ཤློ་ཀ་གཅིག་པུ་དེའོ། །
ལས་སྦྱོར་གྱི་མན་ངག་པཎྜི་ཏ་དོན་ཡོད་རྡོ་རྗེས་བླ་མ་བ་རི་བར་གནང་བ། ནུས་པ་མ་ཉམས་པར་ཁམས་གསུམ་དབང་དུ་བྱེད་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་ལོ་ཙཱ་བས་བསྒྱུར་བ། དབུ་ན། ཡི་གེ་ཡཾ་ཡོངས་སུ་གྱུར་པ་ཞེས་ཡོད་པའི་རྫས་སྦྱོར་གྱི་ཡི་གེ་གླ་རྩིར་བཅས་པའི་དུ་བས་མིའི་མིང་རུས་ལ་བདུག་ན་དབང་དུ་འགྱུར་རོའི་མཐའ་ཅན། གཏོར་མའི་ཆོ་ག་ཚིགས་བཅད་མ་ཉུང་ངུ་ཡར་ཀླུང་པས་མཛད་པ། ལས་ཀྱི་མཐའ་སྡུད་སྦྱིན་སྲེག་ཚིགས་བཅད་མ་རྫོགས་སོའི་མཐའ་ཅན། རྗེ་བཙུན་མའི་བྲིས་སྐུའི་ཆོ་ག་རྫོགས་བྱང་གི་མཐའ་ཅན། གསུང་གི་རྡོ་རྗེ་མའི་ལག་བསྒུལ་ཐམས་ཅད་ཡིད་འཕྲོག་པར་འགྱུར་རོའི་མཐའ་ཅན། ཀུ་རུ་ཀུལླེའི་གཞོན་ནུ་མའི་སྒྲུབ་ཐབས། རྗེ་བཙུན་མའི་བཀའ་སྡོད་ཕོ་ཉ་གནོད་སྦྱིན་མོ་སྐུ་མདོག་སེར་མོའི་མན་ངག །ཀུ་རུ་ཀུལླེ་སྐུ་མདོག་སྔོན་མོའི་ཆར་འབེབས་ཀྱི་ཡི་གེ་བཀའ་བསྒོ་དྲག་ཏུ་བྱོའོའི་མཐའ་ཅན། སྒྲུབ་ཐབས་ནག་པོ་འགྲོ་ཤེས་ཁམས་གསུམ་དབང་དུ་འདུ་བའི་གནད་ཡིག་གངྒཱའི་ཆུ་རྒྱུན་ཆིག་བརྒྱུད་མ་གཏོགས་མི་སྤེལ་བའི་བཀའ་རྒྱ་