[A:༥༡༧ན]ཅན། བདག་ཉིད་ནུས་ལྡན་དུ་བྱ་བ་དང་། ལིངྒའི་སྙིང་གར་འཇུག་པའི་འཁོར་ལོའི་ཞལ་ཤེས་ཀྱི་ཡིག་ཆུང་བཀའ་རྒྱ་ཤིན་ཏུ་དམ་པ་རྣམས་སོ། །
༈ གཉིས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་འབྱུང་བའི་སྐོར་ལ། བསྙེན་པ། ལྷ་དབང་དུ་བྱས་ནས་དོན་སྒྲུབ་པ། ཀླུ་དབང་དུ་བྱས་ནས་ཆར་དབབ་ཅིང་ནོར་སྒྲུབ་པ། གནོད་སྦྱིན་དབང་དུ་བྱས་ནས་ཟང་ཟིང་སྒྲུབ་པ། མི་མ་ཡིན་དབང་དུ་བྱས་ཏེ་སྲོག་འཕྲོག་པ། རྨི་ལམ་ངན་པ་བཟློག་པ། ཤེས་རབ་འཕེལ་བ། སྲེའུ་གསོ་བ་རྣམས་སྟོན་པའི་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཀོ་ས་ལར་འཁྲུངས་པའི་བཻ་རོ་ཙ་ནའི་རང་འགྱུར། དེའི་ལག་ལེན་གྱི་ཡིག་སྣ་ལ་ལོ་རྒྱུས། ཞི་བའི་དཀྱིལ་འཁོར་དུ་བསྙེན་པ། རྒྱས་པའི་དཀྱིལ་འཁོར་དུ་ཁྲོལ་བུ། དྲག་པོའི་དཀྱིལ་འཁོར་དུ་ཕྱེ་མ། དབང་གི་དཀྱིལ་འཁོར་དུ་རིལ་བུ་སྒྲུབ་པ། བྱེ་བྲག་ཏུ་ལྷ་ཀླུ་གནོད་སྦྱིན་མི་མ་ཡིན་དབང་དུ་བསྡུ་བ། འཆི་བསླུ། ཤེས་རབ་འཕེལ་བ། སྲེའུ་སྲུང་བ་རྣམས་སྟོན་པ་ཀོ་ས་ལར་འཁྲུངས་པའི་བརྟུལ་བཞུགས་སྤྱོད་པ་རྣམ་པར་སྣང་མཛད་