R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༡༧བ
[A:༥༡༧བ]རྡོ་རྗེས་ཡི་གེར་བཀོད་པ། བརྒྱུད་པ་སྒྲུབ་པ་ཆར་དབབ་པ་སྟེ་དོན་གསུམ་གྱིས་བསྟན་པའི་ཀླུའི་རྒྱལ་པོ་ཝ་རུ་ཎའི་ཆར་འབེབས་རྒྱ་གར་བཻ་རོ་ཙ་ནས་རང་འགྱུར་དུ་མཛད་པ། ཆར་ཆོག་གི་ཡིག་སྣ་རྫོགས་བྱང་གི་མཐའ་ཅན། མགོར། ཡང་ན་རང་གི་དབེན་ཁང་ན། ཞེས་ཡོད་པའི་གོང་གི་ཞལ་ཤེས་ཛྙཱ་ན་ཤྲཱི་དྷརྨའོའི་མཐའ་ཅན། ལས་སྦྱོར་གསུམ་པ་ཞེས་པ་ཆར་དབབ་པ། རྒྱལ་པོ། སྐྱེས་པ། བུད་མེད། ནོར། མི་མ་ཡིན། ཕྱག་རྒྱ་མ། སྔགས་པ་རྣམས་དབང་དུ་བྱ་བ། ཀླུ་སྒྲུབ་ཀྱིས་མཛད་པའི་ཀུ་རུ་ཀུལླེའི་ས་བཅད་རྫོགས་སོའི་མཐའ་ཅན། མགོར། བླ་མ་དམ་པ་ལ་ན་མོ། བྱང་ཆུབ་ཀྱི་སེམས་ཀྱིས་འཕང་ལ། ཞེས་ཡོད་པའི་སྒྲུབ་ཐབས། ཆུང་དུ་གྲེང་གྲེང་ཤ་སྭཱ་ཧཱའི་མཐའ་ཅན་རྣམས་སོ།། ༈ གསུམ་པ་ཌོམྦྷི་ཧེ་རུ་ཀ་ནས་བརྒྱུད་པ་ལ། མགོར། བླ་མའི་གསུང་ལས་བྱུང་བ་ཡི། །ཞེས་ཡོད་པའི་སློབ་མ་རྗེས་སུ་བཟུང་བའི་བྱིན་རླབས་ཀྱི་ཆོ་ག་རྫོགས་སོའི་མཐའ་ཅན།
འདི་དཀར་ཆག་ན་མཛད་པོ་མི་གསལ་ཡང་རྗེ་མཁྱེན་བརྩེའི་གསན་ཡིག་ན་ས་པཎ་གྱིས་མཛད་ཟེར་བར་སྣང་།
མགོར། རྗེས་གནང་འདི་ཐུན་མོང་བ་མིན་ཞེས་ཡོད་པའི་བྱིན་རླབས་ཀྱི་ལག་ལེན་ཤིན་ཏུ་