R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༡༨ན
[A:༥༡༨ན]གསལ་བ་ཡང་ཡིག་ཏུ་གྲགས་པ་བླ་མ་མཉམ་མེད་པས་མཛད་པ་སྔོན་ཆད་ཡི་གེར་མེད་པ་ཡི་གེར་བཀོད་པ་བཟོད་པར་གསོལ་ལོའི་མཐའ་ཅན། སྒྲུབ་ཐབས་ཌོམྦྷི་ཧེ་རུ་ཀས་མཛད་པ།
(བློ)
དེས་མཛད་པའི་བསྟོད་པ་མི་འགྱུར་མ། བཅོམ་ལྡན་འདས་ཀུ་རུ་ཀུ་ལླེ་ལ་ཕྱག་འཚལ་ལོ། །འདིར་རྗེ་བཙུན་མ་ཀུ་རུ་ཀུ་ལླེ་མོས་པ་ཞེས་མགོར་ཡོད་པའི་བསྙེན་པའི་ཡི་གེ་རྡུལ་ཚོན་རྒྱ་མཚོར་འབབ་པའི་ཆུ་བོར་དོར་རོའི་མཐའ་ཅན། མགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྗེ་བཙུན་ཀུ་རུ་ཀུལླེའི་དབང་དུ་བྱ་བའི་མན་ངག་ཅེས་ཡོད་པའི་རྗེ་བཙུན་མའི་སྒྲུབ་པའི་རིམ་པ་དང་ལས་སྦྱོར་གྱི་རིམ་པ་རྫོགས་སོའི་མཐའ་ཅན། བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་གྱི་མན་ངག་ཟབ་པ་ས་སྐྱ་པ་ཆེན་པོ་ཤིན་ཏུ་དམ་པར་མཛད་ལ། སྣོད་ལྡན་ལ་ཆིག་བརྒྱུད་མ་གཏོགས་པ་ཤིན་ཏུ་གསང་བ། དེའི་ཐུན་མོང་མ་ཡིན་པའི་ཞལ་ཤེས་ཉི་ཤུ་རྩ་གཅིག་བར་མ་ཆད་པའོའི་མཐའ་ཅན། ཞལ་ཤེས་ཀྱི་ཡིག་ཆུང་སྙིང་དང་འདྲ་བས་སུ་ལ་ཡང་མི་སྦྱིན་ནོའོ་མཐའ་ཅན། ཡིག་ཆུང་གི་ཡང་ཡིག་བཟླས་པ་བྱེད་ཟེར་བ་དེ་ལེགས་སོའོ་མཐའ་ཅན། གསང་སྒྲུབ་ཀྱི་སྐོར་འདིར་ཐོར་བུ་ཙམ་