[A:༥༢༤ན]ལེགས་པར་བཀྲལ་བའི་ཀུ་རུ་ཀུལླེ་ལྷ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་མངོན་དཀྱིལ་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། རྗེ་བཙུན་སྒྲོལ་མ། ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི། པཎ་ཆེན་དཱ་ན་ཤཱི་ལ། འཇམ་མགོན་ས་སྐྱ་པཎྜི་ཏ། འུ་ཡུག་པ་བསོད་ནམས་སེངྒེ། མཚུངས་མེད་ཀུན་དགའ་བསོད་ནམས། ཉི་ཐོག་པ་ཀུན་དགའ་སྨོན་ལམ། རྗེ་ཡོན་ཏན་དཔལ་པ། ལུང་ཕུ་བ་ཀུན་དགའ་རྡོ་རྗེ། དགའ་ལྡན་པ་ཀུན་དགའ་བསོད་ནམས། བྲག་ཕུག་པ་བསོད་ནམས་དཔལ། རི་ཁྲོད་པ་བློ་གྲོས་དཔལ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན། ངོར་ཆེན། པཎ་ཆེན་གྲགས་རྒྱལ། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ། གཉན་ལོ། གྲགས་བློ། གསན་ཡིག་ལ་ལར་འདི་ཉིད་ཀྱི་ཚབ་ཏུ་དཀོན་མཆོག་ལྷུན་གྲུབ་འབྱུང་ཡང་ཐར་པན་གསན་ཡིག་ཏུ་འདི་ལྟར་བྱུང་བས་དག་པར་སྙམ་མོ། རྗེ་སངས་རྒྱས་སེང་གེ། ཐར་པན། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན། གནས་གསར་བ། ས་ཆེན་ཀུན་བློ། ཀུན་དགའ་མཁས་གྲུབ་