[A:༥༢༤བ]དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོ། ཡང་ན། ཀུན་དགའ་མཁས་གྲུབ་དབང་པོ་ནས། བླ་མ་ངག་དབང་བཟང་པོ། འཇམ་དབྱངས་ངག་དབང་ལེགས་གྲུབ། ཀུན་གཟིགས་མཁྱེན་བརྩེའི་དབང་པོ་སོགས་སོ།། །།
དཀར་ཆག་ཏུ་ཀུ་རུ་ཀུལླེའི་ཆོས་སྐོར་དུ་གསུངས་ཤིང། མཁྱེན་བརྩེའི་གསན་ཡིག་སོགས་ཕལ་ཆེར་ལས་ཟུར་དུ་འབྱུང་བ་ས་སྐྱ་པ་ཀུན་དགའ་བཀྲ་ཤིས་ནས་གསེར་ཆོས་བཅུ་གསུམ་གྲངས་སུའང་འདྲེན་པ་བླ་མ་གཉན་ལོ་ཙཱ་བའི་དབང་གི་ལྷ་གསུམ་དུ་གྲགས་པའི་སྐོར་རྣམས་སྒྲུབ་བཏུས་ནང་བཞིན་ཡིན་ཅིང་ལོགས་སུ་མ་ཐོབ། དེ་བཞིན་ཛམྦྷ་ལ་སུམ་སྒྲིལ་གྱི་སྐོར་ཡང་སྒྲུབ་བཏུས་ལྟར་ཡིན་པས་གོང་དུ་སོང། གཉིས་པ་བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་བཤད་པའི་ལྷ་ཆེན་ཚོགས་ཀྱི་བདག་པོ་ཁམས་གསུམ་དབང་དུ་བྱེད་པའི་གདམས་ངག་གི་ཆོས་སྐོར་རྣམས་ས་སྐྱའི་རྗེ་བཙུན་བརྩེ་བ་ཆེན་པོར་བཀའ་བབས་པར་བརྟེན་འཇམ་དབྱངས་ས་སྐྱ་པཎྜི་ཏས། ཧོར་དང་། རྒྱ་གར་གྱི་རྒྱལ་པོ་སོགས་འགྲོ་བ་མང་པོ་དབང་དུ་བསྡུས་པ་ནི། རྒྱུད་སྡེ་རིན་པོ་ཆེའི་དགོངས་པ་ལྟར་འཕགས་ཡུལ་གྱི་གྲུབ་ཆེན་དུ་མས་