R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༢༥ན
[A:༥༢༥ན]བསྟན་པ་ལ་མི་དད་པའི་རྒྱལ་པོ་དྲེགས་པ་ཅན་དབང་དུ་བསྡུས་ནས་བསྟན་པ་ལ་བཅུག་པའི་ཚུལ་དང་མཚུངས་ཤིང། ཟངས་ཚ་བསོད་ནམས་རྒྱལ་མཚན་གྱིས་ཚོགས་བདག་གཟིར་བའི་མཐུས། དེས་བསྐུལ་ནས་སེ་སྟོན་རི་པ་བསམ་བཞིན་དུ་འཕགས་པ་རིན་པོ་ཆེར་སྐྱེ་བ་བཞེས་ནས་ཧོར་རྒྱལ་པོ་ཏི་ཤྲཱི་གྱུར་ཏེ་བོད་ཆོལ་ཁ་གསུམ་གྱི་བདག་པོར་དབང་བསྐུར་བ་དང་། ཁམས་སུ་དགེ་སློང་བཞི་སྡེ་ཞིག་གིས་ལྷ་ཆེན་འདི་བསྒྲུབས་པས། གསེར་ལུག་གི་མཆིན་པ་ཙམ་རྙེད་པ་སོགས་ཐུན་མོང་གི་དངོས་གྲུབ་བསམ་གྱིས་མི་ཁྱབ་པ་འབྱུང་བའི་གསེར་ཆོས་ཟབ་མོའི་སྐོར་ལ། ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་རྗེས་གནང་གི་ཡི་གེའི་དགོངས་པ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་མངོན་རྟོགས་རྗེས་གནང་གི་ཡི་གེ་ལ་བརྟེན་ནས་ངོར་ལུགས་ཐུན་མོང་མ་ཡིན་པའི་རྗེས་གནང་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཕྱག་ལེན་ཁྲིགས་ཆགས་འདོད་རྒུའི་དཔག་བསམ་གྱི་སྟེང་ནས་དམར་ཆེན་ཕྱག་བཅུ་གཉིས་པ་ཐུན་མོང་མ་ཡིན་པའི་རྗེས་གནང། ཡང་དེས་མཛད་པའི་མ་ནོར་དོན་ཚང་གསལ་བའི་སྒྲོན་མེའི་སྟེང་ནས་དམར་ཆེན་ཕྱག་བཅུ་གཉིས་