R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༢༥བ
[A:༥༢༥བ]པའི་ཁྱད་པར་གྱི་རྗེས་གནང། ཡང་དེས་མཛད་པའི་མ་ནོར་གསལ་བའི་སྒྲོན་མེའི་སྟེང་ནས་ཇོ་བོ་ཆེན་པོའི་ལུགས་ཀྱི་ཚོགས་བདག་དཀར་པོ་ཆགས་པའི་རྡོ་རྗེའི་རྗེས་གནང། ཤེའུ་ལོ་ཙཱ་བའི་ཡི་གེའི་སྟེང་ནས་ཇོ་བོ་ཆེན་པོའི་ལུགས་ཀྱི་ཚོགས་བདག་གླང་གདོང་དཀར་པོ་ཕྱག་བཞི་པའི་རྗེས་གནང་རྣམས་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་གི་སྐོར་ལ། རྩ་བའི་ཡི་གེ་ ༡ གསལ་བྱེད་ལྷན་ཐབས་ ༢ གསང་སྒྲུབ་ཀྱི་ཡི་གེ་ ༣ ཞར་བྱུང་ ༤ ཇོ་བོ་ཆེན་པོ་ནས་བརྒྱུད་པའི་དཀར་པོ། གསེར་ཆོས་ཀྱི་གསང་ ༥ སྒྲུབ་དམར་པོ་ཕྱག་བཞི་པའི་ཡི་གེ། དཀར་ཆག་ཏུ་མ་བཞུགས་པའི་སྐོར་ ༦ དང་དྲུག ། དང་པོ་ལ། མགོར། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །
(བློ)
ཚོགས་ཀྱི་བདག་པོའི་ལོ་རྒྱུས་ནི། ཞེས་ཡོད་པའི་ལོ་རྒྱུས་དང་མངོན་བརྗོད་ཀྱི་བསྟན་བཅོས་ལས་དབང་ཕྱུག་གི་ཆུང་མ་ཕག་མོའི་བུར་ཚོགས་བདག་སྐྱེས་པའི་གཏམ་རྒྱུད། མགོར། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། ། བགེགས་ཀྱི་རྒྱལ་པོའི་རྗེས་གནང་ནི། ཞེས་ཡོད་པའི་རྗེས་གནང།
(བློ)
གི་ཡི་གེ་མལ་ལོས་མཛད་པ་རྫོགས་སོའི་མཐའ་ཅན།