R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༢༦ན
[A:༥༢༦ན]ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཕྱག་ལེན་རྒྱས་བསྡུས་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་ཟིན་བྲིས་སུ་མཛད་པ། མགོར། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། ། བགེགས་ཀྱི་རྒྱལ་པོའི་རྗེས་གནང་བྱ་བར་འདོད་པས། ཞེས་ཡོད་པའི་ཁྱད་པར་གྱི་རྗེས་གནང་གི་ཡི་གེ་དགའ་ལྡན་པ་ཀུན་དགའ་བསོད་ནམས་ཀྱིས་མཛད་པ་ཁྱད་པར་གྱི་གདམས་པ་བརྗེད་ཐོར་བཀོད་པའི་མཐའ་ཅན། ཡར་ཀླུང་པའི་ཐུན་མོང་མ་ཡིན་པའི་རྗེས་གནང་གི་གསལ་བྱེད་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ་བླ་མ་གོང་མའི་ཡི་གེ་དང་མི་མཐུན་པས་སྤང་བར་བྱའོའི་མཐའ་ཅན། མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ།། དཔལ་ཚོགས་ཀྱི་བདག་པོ་ཞེས་ཡོད་པའི་ཐུན་མོང་གི་རྗེས་གནང་
(བློ)
ངོར་ཆེན་གྱིས་མཛད་པ། ཚོགས་བདག་གི་རྗེས་གནང་Jའི་མཐའ་ཅན། ཚོགས་བདག་གི་རྒྱུད་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་དགུ་པ་ལས་བྱུང་བའི་འཕགས་པ་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་འཕགས་པ་ཚོགས་ཀྱི་བདག་པོའི་གཟུངས་
(བློ)
ལོ་ཙཱ་བ་དགེ་སློང་པུཎྱེ་ཤྲཱི་བྷ་དྲས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བ། གྲུབ་ཆེན་ནག་པོ་སྦྱོད་པས་མཛད་པའི་