R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༢༦བ
[A:༥༢༦བ]དཔལ་རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་ཞེས་པ་འབྱུང་པོ་འདུལ་བྱེད་ཀྱི་སྒོམ་བཟླས་པཎ་ཆེན་ག་ཡ་དྷ་ར་དང་བླ་ཆེན་འབྲོག་མིས་བསྒྱུར་བ། ཡང་དེས་མཛད་པའི་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་
(བློ)
ག་ཡ་དྷ་ར་དང་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ། དེས་མཛད་པའི་འཕགས་པ་ཚོགས་ཀྱི་བདག་པོའི་བསྟོད་པ་འཇིག་རྟེན་མགོན་མཛད།
འདིའི་གཤམ་དུ་བླ་མ་དམ་པས་མཛད་པའི་བསྟོད་པ་རྒྱལ་བའི་ཕྲིན་ལས་མ་དང་། དེ་ནས་མ་ཚུད་པའི་བཟླས་པ་བྱ་ཚུལ་ཡར་ཀླུང་པའི་མཛད་བྱང་ཡོད་པ་ཞིག་ཆོས་ཚན་གཅིག་གི་ཚུལ་དུ་འདུག་པ་དཀར་ཆག་ན་མི་གསལ། ཡིག་རྒྱུན་མ་དག་འབྱམས་ལས་པ་འོག་གི་ཡར་ཀླུང་པས་གཏོར་ཆོག་ན་མཛད་བྱང་སོགས་མི་འདུག་པས་དེའི་ཞབས་ཡིན་ནམ་སྙམ་པས་སླར་ཡང་དག་(མི་གསལ་)དཔྱད་དགོས་འདུག་གོ །
དེས་མཛད་པའི་བགེགས་ཀྱི་རྒྱལ་པོའི་བྲིས་སྐུའི་མན་ངག་ག་ཡ་དྷ་ར་དང་གྱི་ཇོའི་འགྱུར། དེས་མཛད་པའི་འཕགས་པ་ཚོགས་ཀྱི་བདག་པོའི་གཏོར་ཆོག་འགྱུར་བཤད་མ་ཐག་པ་དང་འདྲ་བ། དེས་མཛད་པའི་ཚོགས་བདག་གི་སྦྱིན་སྲེག་གི་ཆོ་ག་འགྱུར་གོང་དང་འདྲ། དཀར་ཆག་དང་མཁྱེན་བརྩེའི་གསན་ཡིག་ན་འདི་ལྟར་འདུག །སྦྱིན་སྲེག་གི་ཡི་གེར་འབྲོག་མིས་བསྒྱུར་ཟེར་བ་འདུག་པས་དཔྱད། ཤིན་ཏུ་མྱུར་བའི་ལྷ་བགེགས་ཆེན་པོའི་སྒྲུབ་ཐབས་དཱི་པཾ་ཀ་རས་མཛད་པ། དཔལ་ཚོགས་ཀྱི་བདག་པོའི་ལས་བཞིའི་འཁོར་ལོ་