R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༢༧ན
[A:༥༢༧ན]གསལ་བྱེད་ཌོམྦྷི་ཧེ་རུ་ཀས་མཛད་པ། སློབ་དཔོན་ནག་པོ་སྤྱོད་པས་མཛད་པའི་བགེགས་ཀྱི་བདག་པོའི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་་་
(བློ)
རྗེ་བཙུན་རིན་པོ་ཆེ་གྲགས་པས་མཛད་པ། ཡང་དེས་མཛད་པའི་བསྙེན་སྒྲུབ་ལས་སྦྱོར་སྦྱིན་སྲེག་དང་བཅས་མཇུག་ཞར་བྱུང་གི་ཞལ་གདམས་མང་པོ་ཡོད་ཀྱང་མ་བྲིས་སོའི་མཐའ་ཅན། མགོར། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། ག་ཎ་པ་ཏི་སྒྲུབ་པར་འདོད་པས་ཞེས་ཡོད་པའི་གསང་སྒྲུབ་ལྷ་དགུའི་སྒྲུབ་ཡིག་རྙིང་པ། དངོས་གྲུབ་ཀྱི་རྒྱ་མཚོ་རྡོལ་ནས་འོང་ངོའི་མཐའ་ཅན། མགོར། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། ། ག་ཎ་པ་ཏི་སྒྲུབ་པར་འདོད་པས་ཞེས་ཡོད་པའི་གསང་སྒྲུབ་ལྷ་དགུའི་སྒྲུབ་ཐབས་ས་སྐྱ་པཎྜི་ཏས་མཛད་པ་རྫོགས་སོའི་མཐའ་ཅན། ཞར་བྱུང་དམ་ཚིག་ཏུ་འཕགས་པ་རིན་པོ་ཆེ་སུམ་ཅུ་རྩ་གསུམ་དུ་ཁྱེར་བའི་ལོ་རྒྱུས་ཟུར་ཙམ་དང་བཅས་པ། དེ་དང་འདྲ་མིན་མགོར། དཔལ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ།། ཞེས་ཡོད་པའི་ཚོགས་བདག་གསང་སྒྲུབ་ལྷ་དགུའི་སྒྲུབ་ཐབས་ཆོས་རྗེ་ས་པཎ་གྱིས་མཛད་པ།
(བློ)
རྫོགས་