R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༢༧བ
[A:༥༢༧བ]སོའི་མཐའ་ཅན། སྒྲུབ་པའི་སྔོན་འགྲོ་
(བློ)
དང་པོ་བྱང་ཆུབ་མཆོག་ཏུ་ཞེས་ཡོད་པ། མན་ངག་གོའི་མཐའ་ཅན། དཔལ་ཚོགས་ཀྱི་བདག་པོའི་མངོན་རྟོགས་གཏོར་འབུལ། ལས་ཕྲ་མོའི་ཡི་གེ་རྣམས་
(བློ)
ཟངས་ཚ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་ག་ཎ་པ་ཏིའི་ལས་སྦྱོར་རོའི་མཐའ་ཅན། དཔལ་ག་ཎ་པ་ཏིའི་བསྙེན་སྒྲུབ་ལས་གསུམ་སྤོགས་ཆོག་དང་བཅས་པ་གསལ་བར་སྟོན་པའི་སྒྲུབ་ཡིག་ཆེན་མོ་གཞན་ལས་ཆེས་ཁྱད་པར་འཕགས་པ་སྟོང་གསུམ་ནོར་བུས་བཀང་བ་ལས་ཀྱང་དགའ་བ་བླ་ཆེན་འཕགས་པ་རིན་པོ་ཆེས་མཛད་པ། འདི་དུས་གཅིག་ལ་སློབ་མ་གཅིག་ལས་མང་བར་མི་སྟོན་པའི་གསེར་ཆོས་བཀའ་རྒྱ་ཅན་ཡིན་ནོའི་མཐའ་ཅན། དེས་མཛད་པའི་སྒྲུབ་ཐབས་ཁྲིད་ཀྱི་སྡོམ་ཚིག་ཤིན་ཏུ་གསལ་བ། མགོར། དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་ཡོད་པའི་ཚོགས་བདག་གི་གཏོར་ཆོག་
(བློ)
རྣལ་འབྱོར་དབང་ཕྱུག་ཡར་ཀླུང་པས་མཛད་པ།
འདིའི་མཇུག་ཏུ་རྒྱལ་བའི་(མི་གསལ་)གསུང་མ་ཟེར་བའི་བསྟོད་པ་སློབ་དཔོན་ནག་པོ་བས་(མི་གསལ་)མཛད་ཟེར་བ་ཞིག་གིས་རྫོགས་པ་ལ། ཡར་ཀླུང་པའི་མཛད་བྱང་(མི་གསལ་)སློང་བྲིས་པའི་ནག་པོ་(མི་གསལ་)།