R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༢༨ན
[A:༥༢༨ན]
མཛད་པའི་བསྟོད་པ་འཇིག་རྟེན་མགོན་མཛད་མའི་གཤམ་དུ་དྲུང་ཆོས་རྗེ་བས་མཛད་ཟེར་བའི་བསྟོད་པ་དང་གཏོར་ཆོག་སོགས་ཀྱི་མཐར་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་དམ་པ་མང་པོའི་བཞུགས་གནས་བསམ་གླིང་བདེ་ཆེན་དུ་སྦྱར་ཟེར་བ་འདུག་པས་དཔེ་གོང་འོག་གཉིས་པོ་མཇུག་ཡིག་མཁན་གྱིས་ནོར་ནས་བྲིས་སམ་སྙམ་པ་སླར་ཡང་མ་དཔེ་རྙིང་པ་རྙེད་ན་ཞུ་དག་གཏུགས་དགོས་པར་སྣང་ངོ།།
གཉིས་པ་གསལ་བྱེད་ལྷན་ཐབས་ལ། བྲིས་སྐུ་བྲི་ཞིང་སྒྲུབ་པའི་ཡི་གེ། དེ་ཕྱིར་སྔགས་ལ་ནན་ཏན་བྱ། ས་མཱཔྟ་མི་ཐིའི་མཐའ་ཅན། བྲིས་སྐུ་འབྲི་བའི་མན་ངག་རབ་ཏུ་གནས་པ་དང་བཅས་པ། བྲིས་སྐུའི་ཆོ་ག་རྫོགས་སོའི་མཐའ་ཅན། གནོད་སྦྱིན་ཆེན་པོ་བསེ་གདོང་གཟུགས་མནན་པའི་ཡིག་རྙིང་ཚིགས་བཅད་མ། གནོད་སྦྱིན་བསེ་གདོང་ཅན་མནན་པའི་ལག་ལེན་ཆོས་རྗེ་བླ་མ་དམ་པའི་གསུང་བཞིན་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་བསམ་ཡས་སུ་ཟིན་བྲིས་མཛད་པ། སྐུ་རྟེན་བྲི་བ། དངོས་གྲུབ་ཀྱི་རྟེན་གཏོར་བཅའ་བ། གསང་རྟེན་ལུས་ལ་བཅང་བ། རྒྱུན་གཏོར་གཏེར་དུ་སྦ་བ། ཐུན་མོང་མ་ཡིན་པའི་གནད་དབབ་ཀྱི་ཡིག་ཆུང་བཀའ་རྒྱ་ཅན་གསེར་ཆོས་ཆིག་བརྒྱུད་ཅན། གནད་ཀྱི་ཡིག་ཆུང་ཞེས་བྱ་བ་རྫོགས་སོའི་མཐའ་ཅན། སྒྲུབ་པའི་སྒབ་འདྲེ་མནན་པ། གསང་རྟེན་