[A:༥༢༨བ]བཅང་བ། བླ་རྡོ་འཆང་བ། དངོས་གྲུབ་བླང་ཐབས་རྣམས་སྟོན་པའི་གསང་བ་གནད་ཀྱི་ཡིག་ཆུང། སྒྲུབ་ཡིག་ཆེན་མོའི་ལྷན་ཐབས་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པའི་གསེར་ཆོས་ཆིག་བརྒྱུད་མ། གསང་བ་སྙིང་གི་འཁོར་ལོའི་ལས་བཞི་སྒྲུབ་ཚུལ། སྤོགས་ཆོག །གསང་བ་ཐུགས་ཀྱི་མན་ངག་ནོར་བུའི་བསམ་གཏན། ཚོགས་བདག་དང་ཙ་ཙྪི་ཏ་ཀེ་ཞལ་སྦྱོར་གྱི་ཐབས་གཏེར། བང་མཛོད་ཀྱི་ཆོ་ག་རྣམས་སྟོན་པའི་ཡི་གེ་རིན་པོ་ཆེའི་ལྗོན་ཤིང་གསེར་ཆོས་ཆིག་བརྒྱུད་གྲས། རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བ་རྫོགས་སོའི་མཐའ་ཅན། སྦྱིན་སྲེག་གི་ལག་ལེན་མགོར། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། གསང་སྔགས་མ་བཟླས་མི་འགྲུབ་ཅིང། ཞེས་ཡོད་པའི་སྦྱིན་སྲེག་ལག་ལེན་མེ་མ་ཤི་བར་གཞན་རེག་ཏུ་མི་འཇུག་གོའི་མཐའ་ཅན། བི་ན་ཡའི་རྒྱུད་ནས་གསུངས་པའི་ཕྱག་མཚན་བཅུ་གཉིས་ཀྱི་ལས་ཚོགས་ཞེས་པ། དགྲ་སྟས་དགྲ་བོ་གཞོམ་པ། གཏུན་ཤིང་གིས་བགེགས་ཚར་གཅོད་པ། མདའ་གཞུས་དགྲ་བོ་དབང་དུ་བྱེད་པ། ཁ་ཊྭཱཾ་གས་འབྱུང་པོ་དགའ་བར་བྱེད་པ། ལྕགས་ཀྱུས་འགྲོ་བ་དབང་དུ་སྡུད་པ། ཐོད་པས་གདུལ་བྱ་འགུགས་པ། རྡོ་རྗེས་གདོན་