R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༢༩ན
[A:༥༢༩ན]བགེགས་ཚར་གཅོད་པ། རལ་གྲིས་དགྲ་སྲུང་བ། ཐོད་པ་ཤ་ཆེན་གྱིས་ནོར་སྒྲུབ་པ། ཕུབ་ལ་བརྟེན་ནས་གནོད་པ་གང་འདོད་སྲུང་བ། བ་དན་གྱིས་གྲགས་པ་སྤེལ་བ། མདུང་གིས་བསམ་པ་འགྲུབ་པ་རྣམས་སྒྲུབ་པར་བྱའོའི་མཐའ་ཅན། འཕགས་པ་རིན་པོ་ཆེས་མཛད་པའི་
(བློ་)
བསྟོད་པ་ཚིག་རྐང་བཅུ་བདུན་མ། དེས་མཛད་པའི་སྤྱན་འདྲེན་མཆོད་ཕྲེང། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་གི་མཐའ་ཅན། དཔལ་ལྡན་བླ་མ་དམ་པས་མཛད་པའི་བསྟོད་པ་
(-པ་)
པད་རཾ་ཉི་མ། དེས་མཛད་པའི་རྒྱལ་བའི་ཕྲིན་ལས་མ། ངོར་ཆེན་གྱིས་མཛད་པའི་བསྟོད་པ།
(བློ་)
ས་གསུམ་གདུག་པ་ཀུན་འདུལ་མ་རྣམས་སོ། ། ༈ གསུམ་པ་གསང་སྒྲུབ་ཀྱི་ཡི་གེ་ལ། ཚོགས་བདག་དམར་པོ་གསང་སྒྲུབ་ཞལ་གཅིག་ཕྱག་དྲུག་པའི་སྒྲུབ་ཐབས་
(བློ་)
དཔལ་ལྡན་ནཱ་རོ་པས་མཛད་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། བ་རི་ལོ་ཙཱ་བས་བསྒྱུར་བ། དེའི་ལག་ལེན་ཚོགས་ཀྱི་བདག་པོའི་གསང་སྒྲུབ་ཀྱི་ལག་ལེན་རྫོགས་སོའི་མཐའ་ཅན། ཌོམྦྷི་ཧེ་རུ་ཀ་ནས་བརྒྱུད་པའི་ཚོགས་བདག་དམར་ཆུང་ཞལ་གཅིག་ཕྱག་གཉིས་ནོར་རྒྱུན་མ་དང་ཡབ་ཡུམ་དུ་སྒྲུབ་པའི་ཡི་གེ། མཆོད་པའི་