[A:༥༢༩བ]ལས་སོའི་མཐའ་ཅན། རྒྱལ་བློན་བཙུན་མོ་འབངས་སོགས་དབང་དུ་བསྡུ་བའི་ཡི་གེ། དབང་དུ་འདུ་བར་འགྱུར་རོའི་མཐའ་ཅན། རྟེན་ཕྱི་ནང་གསང་གསུམ་བཅའ་བའི་ཡི་གེ། གསང་སྒྲུབ་རྫོགས་སོའི་མཐའ་ཅན། ཞར་བྱུང་དབང་དུ་མ་འདུས་ན་དམིགས་པ་བྱ་ཚུལ་དང་བཅས་པ་རྣམས་སོ། །
༈ བཞི་པ་ཞར་བྱུང་ཇོ་བོ་ཆེན་པོ་ནས་བརྒྱུད་པའི་དཀར་པོའི་སྐོར་ལ། ཚོགས་བདག་རིགས་ལྔ་སྟོན་པའི་རྒྱུད་རིན་ཆེན་གཏེར་མཛོད་ལེའུ་དགུ་པ་པཎྜི་ཏ་དཱི་པཾ་ཀ་ར་དང་ནག་ཚོ་ལོ་ཙཱ་བས་བསྒྱུར་བའི་ཚོགས་བདག་གི་རྒྱུད་རིན་ཆེན་གཏེར་མཛོད་ཀྱི་བསྡུས་དོན། ཆགས་པའི་རྡོ་རྗེར་གྲགས་པའི་གཙོ་འཁོར་བཞི་པའི་ལོ་རྒྱུས་རྗེས་གནང་སྒྲུབ་ཡིག་སོགས་ཆ་ཚང། འཕགས་པ་ཚོགས་ཀྱི་བདག་པོ་གེགས་སེལ་བའི་སྒྲུབ་ཐབས་སློབ་དཔོན་ཨིནྡྲ་བྷཱུ་ཏིས་མཛད་པ། པཎྜི་ཏ་དཱི་པཾ་ཀ་ར་དང་ལོ་ཙཱ་བ་བརྩོན་འགྲུས་སེང་གེས་ཡུམ་བུ་བླ་མཁར་དུ་བསྒྱུར་བ། དེའི་ལག་ལེན་འཕགས་པ་ཚོགས་ཀྱི་བདག་པོའི་གེགས་སེལ་བའི་སྒྲུབ་ཐབས་ཇོ་བོ་ཨ་ཏི་ཤས་མཛད་པ། གུ་གུལ་གྱིས་བདུག་ཅིང་གཏོར་མ་བཏང་ངོའི་མཐའ་ཅན། དེས་མཛད་པའི་བསྟོད་པ་ཕྱག་འཚལ་དཔལ་ལྡན་མ། ཚོགས་བདག་གི་སྐུ་ལ་རབ་གནས་བྱ་བ་མཆོད་པའི་ཐབས་