R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༣༣ན
[A:༥༣༣ན]ཞེས་ཡོད་པ་ཇོ་བོ་རྗེ་ནས་བརྒྱུད་པའི་མན་ངག་གི་ཉིང་ཁུ་ཡིན་ཏེ། བྱ་ཡུལ་བའི་ཞལ་ནས་གཞན་ལ་མ་སྤེལ་བ་གྱིས་ཤིག་གསུང་པའི་མཐའ་ཅན། དཔལ་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་དང་། རྗེས་གནང་གི་ཆོ་ག་འདོད་རྒུའི་ཆར་འབེབས་གཉིས་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། དེའི་ཉེར་མཁོ་མཛད་བྱང་མེད་པ། དེའི་བརྒྱུད་འདེབས་འདོད་རྒུའི་མཆོག་སྩོལ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པ།་དཔལ་ཚོགས་ཀྱི་བདག་པོ་ཆགས་པའི་རྡོ་རྗེའི་སྒྲུབ་ཐབས་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་མཛད་པ། འཕགས་པ་ཚོགས་བདག་དཀར་པོ་ཇོ་བོ་ལུགས་ཀྱི་རྗེས་གནང་བྱ་ཚུལ་གསལ་བ་ཞིག་ཤེའུ་ལོ་ཙཱ་བས་མཛད་པ། ཚོགས་བདག་གི་གཟུངས་མགོར། ཏདྱ་ཐཱ། ཨོཾ་ན་མསྟུ་ཏི་ཞེས་ཡོད་པ། ཤཱནྟིཾ་ཀུ་རུ་སྭཱ་ཧཱའི་མཐའ་ཅན་དང་། ཡང་མགོར། ཏདྱ་ཐཱ། ན་མོ་སྟུ་ཏི་མ་ཧཱ་ག་ཎ་ཞེས་ཡོད་པའི་ གཿབརྒྱད་རྫོགས་སོའི་མཐའ་ཅན། ཡང་མགོར། ཏདྱ་ཐཱ། ན་མོསྟུ་ཏི་ག་ཎ་པ་ཏི་ཞེས་ཡོད་པ། གཟུངས་རྫོགས་སོའི་མཐའ་ཅན།
པར་འདིར་ཚོགས་བདག་དཀར་པོ་ཞལ་གསུམ་ཕྱག་བཞི་པའི་གྲུབ་ཐབས་ཡིག་རྙིང་(མི་གསལ་)ཙམ་འདུག་ཀྱང་འདི་ནང་རྩ་བའི་བེའུ་བུམ་དུ་