R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༣༣བ
[A:༥༣༣བ]
ཡོད་པའི་གྲས་ཡིན་ནམ་སྙམ་པ་སླར་དཔྱད་དགོས་སོ། །
རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་དང་། ལྷ་ཆེན་ཚོགས་ཀྱི་བདག་པོ་མཆོད་ཅིང་བསྐང་བའི་ཆོ་ག་བརྟན་གཡོའི་ཡིད་འཕྲོག་དབང་གི་རྒྱལ་པོ་ཞེས་བྱ་བ་ས་སྐྱ་པ་འཇམ་མགོན་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་མཛད་པ། གསེར་ཆོས་ཚོགས་ཀྱི་བདག་པོའི་བསྙེན་སྒྲུབ་བྱ་ཚུལ་གསལ་བར་བཀོད་པ་ནོར་བུའི་ཟ་མ་ཏོག་ཅེས་བྱ་བ་དང་། དཔལ་ཚོགས་ཀྱི་བདག་པོའི་སྦྱིན་སྲེག་གི་ཆོ་ག་བསོད་ནམས་དཔལ་འབར་ཞེས་བྱ་བ་གཉིས་རྨོར་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ་ཀྱིས་མཛད་པ། དེས་མཛད་པའི་ཚོགས་བདག་ཐབས་གཏེར་གྱི་མན་ངག་རོ་བཅུད་ནུས་མཐུའི་སྙིང་པོ། དཔལ་ཚོགས་ཀྱི་བདག་པོའི་སྒབ་འདྲེ་བསེ་གདོང་ཅན་མནན་ཐབས་ལྕགས་ཀྱི་རི་བོ་ཞེས་བྱ་བ་དང་། ཚོགས་བདག་གི་གཏོར་བསྔོ་དགོས་འདོད་བུམ་བཟང་ཞེས་བྱ་བ་གཉིས་ས་ཆེན་ཀུན་དགའ་བློ་གྲོས་ཀྱིས་མཛད་པ། ཚོགས་ཀྱི་བདག་པོའི་གཏེར་ཆེན་པོའི་བུམ་པ་སྒྲུབ་པའི་ངག་འདོན་སྡེ་དགེ་ཡབ་ཆེན་པས་ཟིན་བྲིས་བཏབ་པ། སྔགས་དྲུག་ཕྱག་དྲུག་གི་འདོན་ཆ་ཟུར་བཀོལ་མཛད་བྱང་མེད་པ་བཅས། ༈ དཔེའུ་