R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༣བ
[A:༥༣བ]སྒྲུབ་པའི་བླ་མའི་རྣལ་འབྱོར་དམར་གྱིས་ཡི་གེར་བཀོད་པ། ལམ་སྦས་ཏེ་བཤད་པ་ས་པཎྜི་ཏས་མཛད་པ། ཕོ་བྲང་ལྔ་ལ་བརྟེན་པའི་ལམ་སྦས་བཤད་འབྲས་བུ་རིམ་པར་རྒྱས་པ་གཞུང་དུ་གསལ་ལོའི་མཐའ་ཅན། མགོར། མཁལ་འདེགས་རིགས་གསུམ་སྤྱིའུ་ཚུགས་དང་། ཞེས་ཡོད་པའི་ལམ་སྦས་བཤད་ཀྱི་འཁྲུལ་འཁོར་རྩ་བ་རྗེ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པ། དེའི་རང་འགྲེལ་ཆོས་རྫོང་དུ་ཡི་གེར་བཀོད་པ། མགོར། རྡོ་རྗེ་ལྕེ་ཡི་སྦྱོར་བ་དང་། ཞེས་ཡོད་པའི་གྲུབ་ཆེན་བཅུ་དང་ཕྲ་མོ་བརྒྱད་ཀྱི་རྩ་བ། དེའི་འགྲེལ་པ་མགོར། དཔལ་ལྡན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་ཞལ་གྱི་གདམས་པ་ཞེས་ཡོད་པ་དང་། ས་སྐྱ་པཎྜི་ཏའི་ཐུན་མོང་མ་ཡིན་པའི་གདམས་ངག་གོའི་མཐའ་ཅན། དེའི་གསལ་བྱེད་སྙོམ་ལས་པ་བུདྡྷ་ཤྲཱིས་བརྗེད་བྱང་དུ་བྲིས་པ། མགོར། རྡོ་རྗེའི་ཚིག་རྐང་ལས་སྲུང་བའི་འཁོར་ལོ་ཞེས་ཡོད་པའི་བིར་སྲུང་ས་དྷེཾ་སྭཱ་ཧཱའི་མཐའ་ཅན། མགོར་དཔལ་ལྡན་མཐུ་སྟོབས་དབང་ཕྱུག་ཅེས་པའི་བིར་སྲུང་སྤྱན་སྔར་དཔེ་འདི་གཏུགས་སོའི་མཐའ་ཅན། མགོར་ར་ག་ཏ་ཛཿཕཊ་ཅེས་ཡོད་པའི་བིར་སྲུང་མི་ཚུགས་སོའི་མཐའ་ཅན།