R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༣༩བ
[A:༥༣༩བ]པོའི་ཆོས་སྐོར་ནི། དཀར་ཆག་ལས། གསང་བའི་སྙིང་པོ་ཨཱ་ལི་ཀཱ་ལིའི་བཅུད། ། གསང་སྔགས་འཛིན་པ་གཞན་ལ་མ་གྲགས་པ། །གསང་ཆེན་ཆོས་ཀྱི་རྒྱལ་པོ་ས་སྐྱ་པའི། །གསང་བའི་གདམས་པ་ཟབ་མོ་འདི་ལྟར་སྣང། །ཞེས་དང་། འཇམ་མགོན་མཁྱེན་བརྩེའི་ཞབས་ཀྱིས། གདམས་པ་འདི་དག་ཐུབ་པའི་བསྟན་པ་དང་། །ཁྱད་པར་ས་སྐྱའི་རྗེ་བཙུན་བསྟན་པ་ཆེར། །ཡིད་ཆེས་དད་བརྩོན་ཤེས་རབ་ལྡན་པ་ཡིས། །ཉམས་སུ་བླངས་ན་ཡིད་ཆེས་འཕྲལ་དུ་འབྱུང། །ཞེས་བསྔགས་པར་མཛད་པའི་དོན་དང་མཐུན་པ་བླ་མ་བ་རི་བས་མངའ་བདག་རྩེ་ལྡེ་སོགས་རྒྱ་བོད་མང་པོ་དབང་དུ་བསྡུས། བལ་པོར་བོད་ཐང་ཞེས་བྱའི་ས་གཞི་ཆེན་པོ་གསེར་དཔག་མེད་ཀྱི་རིན་གྱིས་ཉོས། བརྩེ་བ་ཆེན་པོ་ལ་འཕྲང་བྲག་དམར་གྱི་སྡེ་དགོན་གྱིས་སྐུ་དགྲ་བྱས་པ་འདིའི་སྒོ་ནས་དབང་དུ་བསྡུས། གཤེན་རྡོར་སེང་གེས་དཔལ་ཕག་མོ་གྲུ་པ་དབང་དུ་མཛད། དོ་པ་སྟོན་ཚུལ་ངམ་ཤོད་རྗེ་བཙུན་ཀུན་གྱི་བླ་མར་གྱུར། རྒྱལ་ཚ་ལུང་མང་པོ་ཧོར་རྒྱལ་པོས་ཏི་ཤྲཱི་བསྐུར་བ་སོགས་ངོ་མཚར་ལོ་རྒྱུས་ངེས་ཤེས་ཅན་