R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༤༠ན
[A:༥༤༠ན]གྱི་མན་ངག་གི་སྐོར་ལ། ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་
འདི་ལ་ངག་དབང་བསྟན་རྡོར་གྱིས་མཛད་པའི་ཡིག་ཆ་ཞལ་ཅུང་ཟད་གསལ་བ་ཞིག་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་ཞལ་ཤིན་ཏུ་གསལ་བ་བཅས་སོ།།
འདོད་པའི་རྒྱལ་པོ་ལྷ་དགུའི་རྗེས་གནང་དང་། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས་གསང་སྔགས་སྒྲའི་རྗེས་གནང་བཅས་ལེགས་པར་ནོས་ཏེ། རྒྱབ་བརྟེན་ལུང་ལ། ཐུན་མོང་དང་། ཐུན་མོང་མ་ཡིན་པ། དཀར་ཆག་ཏུ་མ་བཞུགས་པའི་སྐོར་དང་གསུམ། དང་པོ་ལ། མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། ། གདམས་ངག་འདིའི་བརྒྱུད་པ་ནི། ཞེས་ཡོད་པའི་བླ་མ་བརྒྱུད་པའི་ལོ་རྒྱུས་མདོར་བསྡུས། རོང་པ་དགེ་རིང་གིས་ཞུས་པའོའི་མཐའ་ཅན། མགོར། པདྨ་དབང་གི་ལྷ་ལ་ཕྱག་འཚལ་ལོ།་། མཁའ་འགྲོ་མའི་སྒྲུབ་ཐབས་ཞེས་ཡོད་པའི་དབང་སྡུད་ལས་ཀྱི་འཁོར་ལོ། ཡང་སྡུད་ཐུགས་ཀྱི་འཁོར་ལོ། བྱུང་ཚུལ་སོགས་ཀྱི་ལོ་རྒྱུས་ཅུང་ཟད་རྒྱས་པར་ཕྱེ་བ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་