R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༤༠བ
[A:༥༤༠བ]གྱིས་མཛད་པ། ཆོས་ཀྱི་རྗེས་གསུངས་སོའི་མཐའ་ཅན། དབང་སྡུད་བཀག་ཆོལ་མའི་ལུང་གི་བརྒྱུད་པ་རྗེས་གནང་གི་ཆོ་ག་
(བློ)
དཔལ་ལྡན་ས་སྐྱ་པཎྜི་ཏས་རྒྱས་པར་བཀོད་པ། བྱིན་རླབས་ཀྱི་ལུང་བླང་བའི་ཞལ་ཤེས་ས་སྐྱ་པཎྜི་ཏ་ཆེན་པོའི་མན་ངག་ཟབ་མོ། བླ་མ་ས་སྐྱ་པ་ཆེན་པོའི་གདམས་པ་ནམ་མཁའ་མཛོད་ཀྱི་རྗེས་གནང་རྫོགས་སོའི་མཐའ་ཅན། གྲོ་གེ་མའི་སྒྲུབ་ཐབས་ཀྱི་རྗེས་གནང། བླ་མའི་ཕྱག་བཞེས། སྔགས་འཆང་རྒྱལ་པོས་ས་སྐྱའི་སྐུ་འབུམ་གྱི་གཙུག་ལག་ཁང་དུ་མཛད་པ། སྔགས་ཀྱི་རྒྱལ་པོའི་དམ་ཚིག་གི་དངོས་གྲུབ་ཀ་ཁ་མའི་སྒྲུབ་ཐབས་ཀྱང་ཟེར། མཆོག་སྒྲུབ་པའི་ཐབས་ཞེས་བྱ་བ་
(བློ)
འདོད་རྒྱལ་གྱི་སྒྲུབ་ཐབས་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་བཞིན་གཤེགས་པ་སྲུང་བའི་དཔལ་གྱི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱིས་བསྒྱུར་བ། གསལ་བྱེད་ཉི་མའི་འཁོར་ལོས་སྣོད་བཅུད་དབང་དུ་བྱ་བ་པཎྜི་ཏ་རྡོ་རྗེ་གདན་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་པྠཱ་ཝི་རའི་ཞལ་སྔ་ནས་དང་། བ་རི་ལོ་ཙཱ་བས་བསྒྱུར་བ། དཔལ་རྡོ་རྗེ་