R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༤༡ན
[A:༥༤༡ན]མཁའ་འགྲོ་མའི་སྒྲུབ་ཐབས་
(བློ)
དབང་སྡུད་ལས་ཀྱི་འཁོར་ལོའི་མན་ངག་བ་རི་ལོ་ཙཱས་བསྒྱུར་བ། ཁམས་གསུམ་དབང་དུ་སྡུད་པའི་མན་ངག་ཁྱད་པར་ཅན་རྡོ་རྗེ་གདན་པས་མཛད་པ། ཕྲིན་ལས་བཞིའི་སྒྲུབ་ཐབས་དོན་ཡོད་ཡང་དག་པར་བསྡུས་པ་རྒྱ་སྒོམ་ཚུལ་ཁྲིམས་གྲགས་ཀྱིས་མཛད་པ། སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པའི་སྒྲུབ་ཐབས་གསལ་བར་བྱེད་པའི་འགྲེལ་བ་
(བློ)
རིན་པོ་ཆེའི་མྱུ་གུ་རྗེ་བཙུན་ས་སྐྱ་པ་ཆེན་པོས་མཛད་པ། མགོར། ཞི་བ་ལ་ལྷ་ཁ་དོག་དཀར་པོ་ཞེས་ཡོད་པའི་ཕྲིན་ལས་བཞིའི་མན་ངག་ཞི་རྒྱས་དབང་དྲག་ཐམས་ཅད་དེ་དང་འདྲ་བ་གོ་བར་བྱའོའི་མཐའ་ཅན། མགོར། འདིར་འཁོར་ལོར་རབ་ཏུ་གནས་པར་འདོད་པས་ཞེས་ཡོད་པའི་ལས་བཞིའི་འཁོར་ལོའི་རབ་གནས་སོ་སོའི་སྐབས་དང་སྦྱར་བར་བྱའོའི་མཐའ་ཅན། བསྙེན་པ། འཁོར་ལོ། དངོས་གཞི། ཙཀྲ། སྒྲུབ་པ། རྗེས་སྤོགས་པ། གནད་ཀྱི་མན་ངག། དངོས་གྲུབ། དམ་ཚིག་སྟེ་སྤྱི་དོན་རྣམ་པ་དགུས་བསྟན་པའི་སྤྱིའི་མན་ངག་མདོར་བསྟན་ཞེས་པ་དབང་གི་ཕྲིན་ལས་ཀྱི་ལག་ལེན་མངོན་རྟོགས་དམར་ཁྲིད་དུ་དགེ་