R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༤༡བ
[A:༥༤༡བ]སློང་ཤཱི་ལ་ཀཱིརྟིས་བཀོད་པ། ༧མགོར། ཁྲོ་བོ་འདོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། ཨོཾ་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་ཡོད་པའི་དབང་སྡུད་བཀག་ཆོལ་གྱི་སྒྲུབ་ཐབས་རྗེ་ས་ཆེན་གྱིས་མཛད་པ། འཛམ་གླིང་གསེར་གྱིས་བཀང་བ་ལས་ཀྱང་འདི་མི་དགའ་རེ་ཤིའི་མཐའ་ཅན། བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བ་རི་ལོ་ཙཱ་བའི་གསེར་ཆོས་རྗེ་ས་སྐྱ་པའི་ཞལ་གདམས་ཐུན་མོང་མ་ཡིན་པའོའི་མཐའ་ཅན། ༧ མགོར། གསང་སྔགས་ཀྱི་རྩ་བར་དབྱངས་ཡིག་དང་ཞེས་པ་དབང་གི་གཏོར་མའི་མན་ངག་
(བློ)
དཔལ་ལྡན་ས་སྐྱ་པཎྜི་ཏའི་ཕྱག་བཞེས་སོའི་མཐའ་ཅན། དབང་གི་འཁོར་ལོའི་རབ་ཏུ་གནས་པའི་ཆོ་ག་སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱིས་བསྟན་པ་བླ་མ་བ་རི་ལོ་ཙཱའི་གདམས་པ། ༧མགོར། ཐུན་བཞི་ལ་ཉེར་སྤྱོད་ཀྱི་མཆོད་པ་བྱེད་ན་ཞེས་ཡོད་པའི། མཆོད་པ་འབུལ་བའི་རིམ་པའོའི་མཐའ་ཅན། ༧ས་པཎ་གྱིས་མཛད་པའི་བསྟོད་པ་རབ་དགའ་ཟླ་རྒྱས་མ། ༧མགོར། སངས་རྒྱས་དོན་ཡོད་གྲུབ་པ་ལ་