R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༤༢ན
[A:༥༤༢ན]ཕྱག་འཚལ་ལོ།། འཁོར་ལོ་དཔེའུ་ཆུང་ལྟར་བྲིས་ལ། ཞེས་ཡོད་པའི་ཏིང་ངེ་འཛིན་གྱི་རིམ་པ་དང་། འཁོར་ལོའི་ནང་ཚན་བསྟན་པ་བླ་མ་བ་རི་བའི་གདམས་ངག་གནད་ཁྱད་པར་དུ་འཕགས་པ་Jའི་མཐའ་ཅན། སྒོམ་པའི་དུས་ཀྱི་ཏིང་ངེ་འཛིན་གྱི་ཞལ་གདམས་བླ་མ་ས་སྐྱ་པའི་གདམས་ངག་ཤིན་ཏུ་ཟབ་པ་གཞན་ལ་གསང་བར་ཞུའི་མཐའ་ཅན། སྔགས་བྱང་འབྱིན་འཇུག་དང་བཟླ་ཐབས་བླ་མའི་ཞལ་ཤེས་སོ་སོའི་མཐའ་ཅན། གདན་གྱི་སྒྲུབ་ཐབས་སྙིང་དང་འདྲ་བ་དབང་དུ་འགྱུར་ངེས་སོའི་མཐའ་ཅན། ༧མགོར། ཨོཾ་ཤཱིནྟཾ་ཀ་ར་བི་བྷྲུྃ། ཞེས་ཡོད་པའི་སྔགས་དང་འཁོར་ལོའི་གནད། ལུང་འབོགས་པ་རཱ་ཛ་ལ་སོགས་པ་དབང་དུ་བྱ་བའི་ཡིག་ཆུང། གཞན་རྣམས་གོང་དང་མཐུན་ནོའི་མཐའ་ཅན། བྲི་གཞི་སོགས་ལྔ། མཎྜལ་སོགས་ལྔ། སྣོད་སོགས་བརྒྱད་དེ་མན་ངག་གི་བསྡུས་དོན་ཉུང་ངུ་མཆན་བུ་དང་བཅས་པ། ༧མགོར། བསྙེན་པ་འདོད་རྒྱལ་ལ་འབུམ་ཕྲག་ཉེར་བཞི་བསྐྱལ་ལོ།། ཞེས་ཡོད་པའི་ཀ་ཁ་འཁོར་ལོ་བརྩེགས་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ་ལ། མི་ཕྱེད་པ་དབང་དུ་འགྱུར་བ། འོངས་པ། བཅིངས་པ། བཞིན་བསྒྱུར་