[A:༥༤༧བ]རྗེ་འཆང་གི་གསུང་ལས། སྙིང་དང་འདྲ་བའི་གདམས་པ་འདི། །སྣོད་ལྡན་སློབ་མ་གཅིག་ལ་ནི། །བསྟན་པར་བྱ་ཞིང་གཞན་དུ་མིན། །གསང་སྟེ་ཉམས་སུ་བླང་བར་རིགས། །ཞེས་པ་ལྟར་ས་བཅད་གཉིས་པ་འདི་བཀག་དོགས་པར་མཛད་པའི་བརྒྱུད་པ་མ་ཉམས་པ་ཡིད་ཀྱི་དྲན་གསོར་བརྟེན་པར་རིགས་སོ། །
༈ གསུམ་པ་དཀར་ཆག་ཏུ་མ་བཞུགས་པ་ལ། དབང་སྡུད་འདོད་པའི་རྒྱལ་པོའི་མན་ངག་ཐུན་མོང་མ་ཡིན་པའི་བརྒྱུད་འདེབས་པདྨ་རཱ་གའི་ཆུན་པོ་ཚར་པ་རྡོ་རྗེ་འཆང་གིས་མཛད་པ། མགོར། རྩ་བའི་འཁོར་ལོ་འདི་ལ་ཞེས་པའི་འཁོར་ལོ་བྲི་ཡིག་ཟིན་བྲིས། གསང་བ་ནི་གཅིག་ལ་ཡིན་ནོའི་མཐའ་ཅན། མགོར། འདོད་པའི་རྒྱལ་པོའི་བསྙེན་པ་བྱེད་པར་འདོད་པས། ཞེས་པ་འདོད་རྒྱལ་གྱི་སྒྲུབ་ཐབས་ཐུན་མོང་མ་ཡིན་པའི་གཏོར་མ་བྱ་ཁྱི་དང་མི་གཞན་ལ་མི་སྦྱིན་ནོའི་མཐའ་ཅན། བྱིན་རླབས་ཀྱི་ལུང་བླང་བའི་གསལ་བྱེད་ཚངས་པ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ། འདོད་རྒྱལ་ཡབ་ཡུམ་གྱི་རྗེས་གནང་གཅེས་སྤྲས་སུ་མཛད་པ་རྗེ་དབང་ཕྱུག་རབ་བརྟན་གྱི་གསུང་ལ་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་ཐོར་བཏབ་པ། དེས་མཛད་པའི་གསང་སྔགས་