R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༤༨ན
[A:༥༤༨ན]སྒྲའི་རྗེས་གནང་བཀླགས་ཆོག་ཏུ་བཀོད་པ། ཞར་བྱུང་ཐུན་མོང་གི་རྗེས་གནང་དང་བཅས་པ། ཉི་ཟླ་འཁོར་ལོའི་རེག་ཟེག་
(མ)
བནྡེ་བསམ་གཏན་གླིང་པའི་གཞན་ལ་ཕན་པའི་སེམས་ཀྱིས་མཛད་པ་རྣམས་སོ། ། རྗེ་མཁྱེན་བརྩེའི་གསན་ཡིག་ན་བསམ་གཏན་གླིང་པ་ཕྱི་མ་ཞེས་སྡང་བ་ནོར་བུ་གསལ་འབར་མཛད་མཁན་དང་གཅིག་གམ་སྙམ། དཔལ་འདོད་པའི་རྒྱལ་པོའི་སྒྲུབ་ཐབས་དང་འདོད་པའི་རྒྱལ་པོའི་རྗེས་གནང་གི་ཡི་གེ་རྙིང་པ་ལ་གསུང་སྒྲོས་ཀྱིས་མཆན་བུ་གསལ་བར་བྱས་པ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། བརྒྱུད་འདེབས་ཀྱི་
(མ)
ཁ་སྐོང་སྡེ་དགེ་ཡབ་ཆེན་གྱིས་མཛད་པ། འདོད་རྒྱལ་འདོད་པ་ལྷའི་རྗེས་གནང་གི་ཡི་གེ་ས་ཆེན་ཀུན་དགའ་བློ་གྲོས་ཀྱིས་མཛད་པ། ཁྲོ་བོ་འདོད་པའི་རྒྱལ་པོའི་རྗེས་གནང་བྱ་ཚུལ་བཀླག་ཆོག་
ལུང་མ་ཐོབ།
ཏུ་བཀོད་པ་ངག་དབང་བརྟན་པའི་རྡོ་རྗེས་མཛད་པ། དཔལ་ས་སྐྱ་པའི་གསེར་ཆོས་འདོད་པའི་རྒྱལ་པོའི་དབང་གི་སྦྱིན་སྲེག་ཐུན་མོང་བ་དབུ་བླ་དགེ་འདུན་རྒྱ་མཚོས་ཟིན་བྲིས་སུ་བཏབ་པ། དཔལ་ས་སྐྱ་པའི་བཞི་ཐོག་ཕོ་བྲང་ཆེན་མོའི་མགོན་ཁང་ཚོམ་བར་དུ་རྒྱལ་ཟླའི་ཚེས་གཅིག་ལ་གཏོར་འཛུགས་འདོན་འགྲིགས་སྣོད་བཅུད་བྱིན་འབེབས་ཞེས་བྱ་བ་ས་ཆེན་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་མཛད་