[A:༥༤༨བ]པ། གསེར་ཆོས་དམར་པོ་སྐོར་གསུམ་གྱི་འཁོར་ལོའི་གསལ་བྱེད་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་དང་། གསེར་ཆོས་དམར་པོ་སྐོར་གསུམ་གྱི་དཀའ་གནད་མདུད་འགྲོལ་གྱི་རེག་ཟིག་ཨུཏྤལ་དམར་པོའི་ཆུན་པོ་ཞེས་བྱ་བ་གཉིས་གོང་ས་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པ། འདོད་པའི་རྒྱལ་པོའི་རྗེས་གནང་གི་ཆོ་ག་འདོད་རྒུའི་སྙེ་མ། དེའི་བརྒྱུད་འདེབས་སྲིད་ཞིའི་མཆོག་སྩོལ་གཉིས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པ། དམར་པོ་སྐོར་གསུམ་གྱི་དཔེའུ་རིས་དོགས་གཅོད། དམར་པོ་སྐོར་གསུམ་གྱི་མན་ངག་ཟིན་བྲིས་རྣམས་སོ། །
༈ དཔེའུ་རིས་ཀྱི་སྐོར་ལ། སྒྲུབ་པའི་མཎྜལ་མི་འདྲ་བ་གསུམ། རབ་གནས་ཀྱི་མཎྜལ་མི་འདྲ་བ་གསུམ། རིན་པོ་ཆེའི་མཎྜལ་ཞི་རྒྱས་དབང་དྲག་གི་ཕྱི་སྒྲུབ་ཀྱི་འཁོར་ལོ་བཞི། དྲག་པོའི་འཁོར་ལོ་མི་འདྲ་བ་གཉིས། ཡང་ས་ཆེན་གྱིས་བཞེད་པ་དང་མཐུན་པ་གཅིག། ལས་བཞི་སྒྲུབ་པའི་འཁོར་ལོ་ཁ་སྦྱོར་བཞི། སྦས་པ་མིག་འབྱེད་ནས་གསུངས་པའི་རྒྱས་པའི་འཁོར་ལོ། ཕོ་མོ་གནད་ཀྱི་འཁོར་ལོ་བཞི་ཡོད་པའི་རྗེ་བཙུན་རིན་པོ་ཆེའི་གསུང་དང་མཐུན་པ་དང་པོ། ཕག་གྲུའི་བཞེད་པ་དང་མཐུན་པ། གཉིས་པ་དཔེའུ་རིས་རྙིང་