R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༤༩ན
[A:༥༤༩ན]པ་ཁོ་ན་ལ་ཐུགས་རྩིགས་སུ་མཛད་པ། གསུམ་པ་མུ་ཁྱུད་ཀྱི་སྔགས་དུམ་བུ་གསུམ་དུ་བྱས་པ། བཞི་པ་གནད་འབེབས་ཉི་ཟླའི་འཁོར་ལོ་རིགས་མི་གཅིག་པ་གསུམ། རིལ་སྒྲུབ་ལ་དགོས་པའི་ཐ་ཆེན་འཁོར་ལོ། གསང་སྒྲུབ་ཐ་ཆེན་འཁོར་ལོ། ནང་སྒྲུབ་ཡབ་རྐྱང་དང་ཡུམ་རྐྱང་གི་འཁོར་ལོ་རེ་རེ། རླུང་འཁོར་དང་བཅས་པའི་རྗེས་གནང་ལུང་མན་ངག་གི་ཕྱག་ལེན་དམར་ཁྲིད་དུ་ཐོབ་པ་ལས། ཐོག་མར་ངོར་ཐུན་མོང་མ་ཡིན་པའི་རྗེས་གནང། བརྒྱུད་པ་ནི་གོང་སྒྲུབ་བཏུས་སུ་སོང་ཞིང། །གསང་སྔགས་སྒྲའི་རྗེས་གནང་གི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ཡན་སྒྲུབ་བཏུས་ངོར་ལུགས་ཐུན་མིན་གྱི་རྗེས་གནང་དང་འདྲ། དེ་ནས། དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། རིན་ཆེན་སེང་གེ་བཟང་པོ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཚན་མཆོག། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིངས་པ་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག། ཁྱབ་བདག་དབང་ཕྱུག་རབ་བརྟན། སྔགས་འཆང་གཞོན་ནུ་སྟོབས་ལྡན། མགོན་པོ་བསོད་ནམས་མཆོག་ལྡན། གོང་དཀར་བ་རིན་ཆེན་རྒྱལ་མཚན། རྗེ་མང་ཐོས་རྒྱལ་མཚན། འཇམ་དབྱངས་བདེ་བའི་རྡོ་རྗེ། སྟག་ཕུ་བ་བློ་བཟང་