R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༤༩བ
[A:༥༤༩བ]བསྟན་པའི་རྒྱལ་མཚན། དཀོན་མཆོག་འཇིགས་མེད་དབང་པོ། དཀོན་མཆོག་བསྟན་པའི་སྒྲོན་མེ། མཁན་པོ་དཀོན་མཆོག་སེང་གེ། དཀོན་མཆོག་བསྟན་པ་རབ་རྒྱས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། འདུལ་འཛིན་སྙན་གྲགས་ཐར་པ། མཆོག་སྤྲུལ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་ས་སྐྱ་པ་ཨཱ་ཡུ་བཛྲ་ལའོ། ། ༈ ལུང་ལ་རྟགས་ཡོད་མེད་ལ་མ་ལྟོས་པའི་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ནས། མཁས་གྲུབ་དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་བ་མཆོག་དབྱངས། ཡབ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིངས་པ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག།གཉིས་ཀ་ལས་རྗེ་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། བྱམས་པ་ངག་དབང་རྣམ་རྒྱལ། ས་སྐྱ་པ་ཀུན་དགའ་བཀྲ་ཤིས།