R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༥༠ན
[A:༥༥༠ན]ངག་དབང་ཀུན་དགའ་ལྷུན་གྲུབ། ཁྱབ་བདག་གནས་གསར་བ། ས་ཆེན་ཀུན་དགའ་བློ་གྲོས། པཎ་ཆེན་ཀུན་དགའ་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། དེ་ལས་འཇམ་མགོན་རྡོ་རྗེ་རིན་ཆེན་དང་། དཀོན་མཆོག་བསྟན་པ་རབ་རྒྱས་གཉིས། གཉིས་ཀ་ལས་ཀུན་མཁྱེན་མཁྱེན་བརྩེའི་དབང་པོ། དེ་ནས། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། འདུལ་འཛིན་སྙན་གྲགས་ཐར་པ། མཆོག་སྤྲུལ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་ལའོ། །བྱེ་བྲག་ཏུ། བ་རི་བས་སག་ཐག་པ་ལས་གསན་པའི་སྐོར་ནི། རྗེ་བཙུན་སག་ཐག་པ། བ་རི་ལོ་ཙཱ་བ། རྗེ་བཙུན་ལྕགས་ཐང་པ། ས་ཆེན་མན་འདྲ།
(ངག)
རྟགས་ཅན་གྱི་བརྒྱུད་པ་ནི། སྔགས་འཆང་བསོད་ནམས་ཆོས་འཕེལ། རྗེ་དབང་ཕྱུག་རབ་བརྟན། གཉིས་ཀ་ལས་མཁན་ཆེན་ངག་དབང་ཆོས་གྲགས། འཁོན་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག། དེ་སྲས་ཀུན་དགའ་བཀྲ་ཤིས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ་མན་འདྲ།
(བློ)
རྟགས་ཅན་རྣམས་ཀྱི་བརྒྱུད་པ་