R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༥༠བ
[A:༥༥༠བ]རྡོ་རིངས་པ་ནས། གློ་བོ་ཀུན་དགའ་གྲོལ་མཆོག། འཇམ་མགོན་མཁྱེན་བརྩེ་མན་འདྲ། ༈ ས་བཅད་གསུམ་པ་དཀར་ཆག་ཏུ་མ་བཞུགས་པའི་སྐོར་ཚང་མ། སྔགས་འཆང་ཀུན་དགའ་རིན་ཆེན་ཡན་གོང་གི་བརྒྱུད་པ་དང་འདྲ་ལ། དེ་ནས། འཇམ་མགོན་རྡོ་རྗེ་རིན་ཆེན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་གོང་འདྲའོ། ༈ རྒྱལ་དབང་ལྔ་པ་རིན་པོ་ཆེས་མཛད་པའི་དམར་པོ་སྐོར་གསུམ་གྱི་དཀའ་གནད་མདུད་འགྲོལ་དང་། འཁོར་ལོའི་གསལ་བྱེད་གཉིས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། ཀུན་གཟིགས་ལྔ་པ་ཆེན་པོ་བློ་བཟང་རྒྱ་མཚོ། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཁམས་སྟོན་སངས་རྒྱས་རྒྱ་མཚོ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། པཎ་ཆེན་ཀུན་དགའ་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། འཇམ་མགོན་རྡོ་རྗེ་རིན་ཆེན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་གོང་བཞིན་ནོ།
(དྷཱིཿ)
རྟགས་ཅན་གྱི་བརྒྱུད་པ་ནི། མཛད་པ་པོ་མན་གོང་འདྲ། གོང་འོག་ཀུན་ཏུ་ནོར་བུ་གསུམ་པའི་རྟགས་ཅན་རྣམས་ཀྱི་བརྒྱུད་པ་ནི། ཀུན་